དབུ་ཤོག
  • ཞོགས་པ་ལུས་སྦྱོང་བྱེད་པའི་དུས་ཚོད་འཚམས་ཤོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-14

    རྒས་འཁོགས་དང་དར་མ་མི་ཉུང་བ་ཞིག་གིས་ཞོགས་པ་ཉི་མ་མ་ཤར་གོང་ནས་ལངས་ཏེ་ཁང་པའི་ཕྱིར་ལུས་སྦྱོང་བྱེད་ཀྱི་ཡོད།  དོན་དངོས་ཐོག་ཞོགས་པ་ཉི་མ་མ་ཤར་གོང་གནམ་གཤིས་བསིལ་ལ་དྲོད་ཚད་དམའ་བས་ཆམ་པ་ཕོག་སླ་བ་དང་རུས་ཚིགས་ནད་ལྡང་སླ་བ།  ཐ་ན་སྙིང་ནད་ཕོག་སླ་པོ་ཡོད།  ལྷག་པར་དུ་ཞོགས་པ་ལྕང་མ་དང་མེ་ཏོག་མང་པོ་ཡོད་སར་དེ་བས་ཡིད་གཟབ་བྱེད་དགོས།  མི་ཚོས་ཤེས་གསལ་ལ་ལྕང་མ་དང་མེ་ཏོག་རིགས་ཀྱིས་དགོང་མོར་དབྱང་རླུང་བསྡུ་ལེན་བྱེད་པ་དང་།  དབྱང་གཉིས་ཐན་འགྱུར་དོར་ལེན་བྱེད་པས་ཞོགས་པ་ཉི་མ་མ་ཤར་གོང་ལྕང་གླིང་ཁྲོད་དབྱང་གཉིས་ཐན་འགྱུར་གྱི་རླངས་གཟུགས་འདུས་ཚད་མང་པོ་ཡོད།  གལ་ཏེ་མི་ཚོས་ཁོར་ཡུག་དེ་འདྲའི་ནང་དབུགས་རྔུབ་གཏོང་བྱས་ན་དབྱང་གཉིས་ཐན་འགྱུར་འབོར་ཆེན་སྣང་མེད་དུ་ལུས་པོའི་ནང་བསྡུ་ལེན་བྱེད་པས་མགོ་ན་བ་དང་། མགོ་ཡུར་འཁོར་བ་སོགས་ཀྱི་ན་ཚ་གསར་པ་བཟོ་སྲིད།  རྩི་ཤིང་རིགས་ཀྱིས་འོད་སྦྱོར་ནུས་པར་བརྟེན་ནས་དབྱང་རླུང་ཕྱིར་གཏོང་བྱེད་ཀྱི་ཡོད་པས་ཚང་མས་ཞོགས་པ་ལུས་སྦྱོང་བྱེད་སྐབས་ཉི་མ་ཤར་རྗེས་ལྕང་གླིང་ཁྲོད་ལུས་སྦྱོང་བྱས་ན་ཚན་རིག་དང་མཐུན་ནོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།