དབུ་ཤོག>གསར་འགྱུར།
  • གནས་མཆོག་ཞིང་ས་གཤིན་པོ་རུ། གཡུར་ཟའི་འབྲས་བཟང་མགོ་བོ་དུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-14

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་ཞིང་ལས་སྡེ་ཚན་གྱིས་ཁ་གཏད་བོད་སྐྱོར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུས་ཏེ་མ་དངུལ་དང་། ཤེས་ལྡན་པ། ལག་རྩལ་སོགས་གང་ས་ཅི་ཐད་ནས་ལྷ་སའི་ཞིང་འབྲོག་ལས་འཕེལ་རྒྱས་ལ་འཇུངས་པ་མེད་པའི་རོགས་སྐྱོར་བྱས་ནས། ལས་བྱེད་པ་བོད་སྐྱོར་བྱེད་རྒྱུ་སྣེ་འདྲེན་དང་། རྣམ་གྲངས་ཐོག་ནས་བོད་སྐྱོར་བྱ་རྒྱུ་གཙོ་བོར་འཛིན་པ། ནོར་སྲིད་ཐོག་ནས་རོགས་སྐྱོར་བྱ་རྒྱུ་འགན་ལེན་བྱེད་པ། རིག་སྟོབས་ཐོག་ནས་བོད་སྐྱོར་བྱ་རྒྱུ་ལྟེ་བར་འཛིན་པའི་བོད་སྐྱོར་ལས་ཀའི་བསམ་ཕྱོགས་དང་རྣམ་པ་ཞིག་ཆགས་ཏེ་བོད་སྐྱོར་རྣམ་གྲངས་24ལག་བསྟར་བྱས་པར་རིམ་རྩིས་བརྒྱབ་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.45བཏང་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཚོང་འགུགས་མ་འདྲེན་དང་། ལག་རྩལ་གྱི་སྐུལ་ཁྲིད། སྔོན་ལ་འཆར་གཞི་འགོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱིས་ནང་སའི་ཁེ་ལས་ལྷ་སར་ཐོན་ལས་མཉམ་ལས་བྱེད་པར་གདན་དྲང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་ཀྱི་ཐོན་ཁུངས་བརྗེ་སྒྱུར་བྱེད་ནུས་ཆེ་རུ་བཏང་བས་སྔོན་ཐོན་ཞིང་འབྲོག་ལས་ཀྱིས་གཙོས་པའི་རྣམ་གྲངས་འབོར་ཆེན་ཞིག་ལག་བསྟར་ཐུབ་ཡོད། ཚད་ལྡན་དང་གཞི་ཁྱོན་ལྡན་པའི་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་སྟེ་སྔོན་ཐོན་གྱི་གསོ་ཚགས་ལག་རྩལ་འབྲོག་ལས་ཐོན་སྐྱེད་ནང་སྤྱད་པས་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་ནུས་དང་འབྲོག་ཟོག་གི་སྤུས་ཚད་ལེགས་སུ་སོང་བ་དང་འབྲོག་ལས་ཐོན་ལས་དང་དེང་རབས་ཕྱོགས་སུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད། ཆ་རྐྱེན་འཛོམས་པའི་རྫོང(ཆུས)ལ་དྲོད་ཁང་ཆེ་མོ་བརྒྱབ་པ་དང་འདེབས་འཛུགས་དང་ཞིང་ཆུ་འདྲེན་པའི་ཆ་རྐྱེན་ལེགས་སུ་བཏང་བས་ཡུལ་དེ་གའི་སྒྲིག་བཀོད་ཞིང་ལས་གཞི་ཁྱོན་ལྡན་པ་དང་། ཁྲོམ་རར་ཕྱོགས་པ། ཚད་དང་ལྡན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་ཏེ་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་སོང་ཡོད། འབྲོག་ལས་གསོ་ཚགས་དང་ཁྱད་ལྡན་སྔོ་ཚལ་དང་ཀྭ་རིགས་དང་ཤིང་འབྲས་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བ་བརྒྱུད་གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་སུ་སོང་ནས་ཞིང་འབྲོག་པར་འབབ་འཕར་བྱུང་བ་མ་ཟད། ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་ཡོད།

    2015ལོའི་ལོ་མཇུག་བར་ལྷ་སས་ཞིང་འབྲེལ་ཁེ་ལས་72འཕེལ་རྒྱས་བཏང་བ་དེ་2010ལོ་ལས་ཁེ་ལས་22མང་དུ་སོང་བ་མ་ཟད། རྒྱལ་ཁབ་རིམ་པའི་ཞིང་འབྲེལ་ཁེ་ལས་7དང་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲེལ་ཁེ་ལས་8ཚུད་ནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9.9ཟིན་པ་དང་ཞིང་འབྲོག་པའི་དུད་ཚང་ཁྲི་1.36གི་མི་ཁྲི་7.82ལ་སྐུལ་ཁྲིད་དང་མི་4661ལས་ཞུགས་ཐུབ་པ་དང་ཞིང་འབྲོག་པའི་མཉམ་ལས་ཁང་746འཕེལ་རྒྱས་བྱུང་སྟེ་2010ལོ་ལས་660མང་དུ་ཕྱིན་པ་དེ་དག་འདེབས་འཛུགས་དང་། གསོ་ཚགས། ཞིང་ལས་འཕྲུལ་ཆས། ཞིང་ཕྱུག་ཐོན་ཟོག་ལས་སྣོན། ཡུལ་སྐོར་ལས་རིགས་སོགས་ལ་ཁྱབ་ནས་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་6ཟིན་པ་དང་། ཚོང་གཉེར་གྱི་ཡོང་འབབ་སྒོར་དུང་ཕྱུར་3.74བྱུང་བ། ཁོངས་མི་ཁྲི་2.4ཟིན་པ། ཞིང་འབྲོག་པ་དུད་ཚང་ཁྲི་2.63གྱི་མི་ཁྲི་6.73ལ་སྐུལ་ཁྲིད་ཐུབ་ཡོད།

    འདས་པའི་ལོ་ལྔ་ཡི་རིང་། པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱིས་ཐོན་ལས་སྐུལ་སྤེལ་དང་། ལས་ཞུགས་རྩལ་ནུས་གསོ་སྦྱོང་ཆེར་གཏོང་། ལས་ཞུགས་ལས་སྟེགས་འཐུས་ཚང་གཏོང་བ་སོགས་ཀྱི་ཐབས་ཤེས་བརྒྱུད་ལས་ཞུགས་ཐུབ་ནུས་ཆེ་རུ་འགྲོ་བར་སྣེ་ཁྲིད་བྱས་ལ། ལྷག་པར་དུ་མཐོ་རིམ་དང་འབྲིང་རིམ་སློབ་ཐོན་སློབ་མ་དང་གྲོང་གསེབ་ཀྱི་ངལ་ནུས་ལྷག་མར་ཞིང་འབྲོག་ལས་རྩལ་ནུས་སྦྱོང་བརྡར་བྱས་ཏེ། ལས་གནས་ལས་འབབ་མཁན་དང་ལས་ཤོར་བར་གཅིག་སྡུད་གསོ་སྦྱོང་བྱེད་རོགས་ཀྱིས་གཞི་རིམ་གྱི་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་གྱི་ནུས་པ་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་བར། ཞིང་འབྲོག་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་མང་གཉེར་ནས་མི་ཐེངས་ཁྲི་15ཙམ་གསོ་སྦྱོང་བྱས་པ་དང་ཞིང་འབྲོག་པ་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲིའི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་ཁྲི་10378ཟིན་པ་དང་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་2134ཟིན་པ་དེ་2010ལོ་ལས་107.4%མང་དུ་སོང་ནས་ལྡབ་གཅིག་འཕར་རྒྱུའི་འབད་འཐབ་དམིགས་ཚད་གྲུབ་པ་དང་ཞིང་འབྲོག་པ་ཁྲི་7.9དབུལ་པོའི་གནས་ལས་གྲོལ་ཐུབ་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱིས་ས་གཙང་ལྷད་མེད་ཐོན་ལས་གླིང་དང་། འདེབས་འཛུགས་གསོ་ཚགས་ལས་སྣོན་རྟེན་གཞི། སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི། རྫབ་རླངས་ཆེ་འབྲིང་བཟོ་བ་སོགས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་ཤུགས་ཆེན་བྱས་པར་བརྟེན་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེས་ཆེར་སོང་ནས་ཕན་འབྲས་ཆེན་པོ་ཐོན་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་བར་གྲོང་ཁྱེར་དེ་ཡོངས་ལ་བཞོན་མ་100ནས་300བར་གསོ་ཚགས་བྱེད་པའི་ཁུལ་ཆུང་19ཡོད་པ་དང་། བཞོན་མ་གསོ་ཚགས་དཔེ་སྟོན་གྲོང་ཚོ་10དང་དཔེ་སྟོན་གསོ་ཚགས་བ་དུད་ཚང་320ཟིན་པ། རྒྱུད་གཙང་བོད་བྱ་སྲུང་སྐྱོང་བྱ་ཡུལ་14བཙུགས་ནས་རང་བྱུང་ངང་སྒོ་ང་རུམ་པའི་བྱ་དེ་ཁྲི་1.6གསོ་ཚགས་བྱས་པ། བོད་བྱ་གསོ་ཚགས་དཔེ་སྟོན་ཤང་དང་གྲོང་རྡལ་2བརྒྱབ་ནས་བོད་བྱ་ཁྲི་6གསོས་ཏེ་བོད་བྱ་5000ཡན་གྱི་གསོ་ཚགས་བྱ་ཡུལ་26བཙུགས་པ། ལོར་ཕག་པ་300ཡན་བཤའ་བའི་གསོ་ཚགས་ར་བ་26ཡོད་པ་དེ་དག་གིས་བསྡོམས་ཕག་པ་ཁྲི་7.08བཤའ་བ། སྒྲིག་ཆས་ཞིང་ལས་རིམ་བཞིན་དྲོད་ཁང་དཀྱུས་མ་ནས་དེང་རབས་ཀྱི་རིག་ནུས་དྲོད་ཁང་ནང་སྤྱད་ལ། འདེབས་འཛུགས་ཀྱང་ཐོག་མའི་སྔོ་ཚལ་སྣེ་ཁ་གཅིག་རྐྱང་ནས་ཀྭ་དང་། ཤིང་འབྲས། མེ་ཏོག སྨན་རྒྱུ་སོགས་འདེབས་པའི་བར་འགྱུར་བ་བཏང་སྟེ་ཁྲེང་ཀོན་དང་། སྟོད་ལུང་བདེ་ཆེན། སྟག་རྩེ། ཆུ་ཤུར། ལྷུན་གྲུབ་སོགས་རྫོང་དང་ཆུས་ཀྱིས་གཙོས་པའི་སྒྲིག་བཀོད་ཞིང་ལས་ཆེ་འབྲིང་ཐོན་སྐྱེད་རྟེན་གཞི་ཆགས་པར་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ནང་སྒྲིག་བཀོད་ཞིང་ལས་མུའུ་ཁྲི་1.77དང་ཐོན་འབབ་ཏུན་ཁྲི་15ཟིན་པ་དེ་2010ལོ་ལས་36.15%དང90.3%སོ་སོར་འཕར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།