དབུ་ཤོག
  • ཏིལ་སྣུམ་གྱི་ཕན་ནུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-13

    ཏིལ་སྣུམ་ནི་ཉིན་མཁོའི་འཚོ་བའི་ཁྲོད་ཀྱི་བྲོ་སྦྱོར་སྤྱོད་སྨན་ཡིན་པས་མི་མང་པོས་བཟའ་རྒྱུར་དགའ་པོ་བྱེད་པ་དང་དུས་མཚུངས་ཏིལ་སྣུམ་ལ་ཀུན་གྱིས་མི་ཤེས་པའི་དམིགས་བསལ་གྱི་ནུས་པ་ལྡན་ཡོད།

    རྒས་ཡུན་ཕྱི་བ།    ཏིལ་སྣུམ་ནང་འཚོ་བཅུད་Eམང་པོ་ལྡན་ཡོད་པས་ཕྲ་ཕུང་ཁ་བྲལ་བ་དང་རྒས་ཡུན་ཕྱི་རུ་གཏོང་བའི་ནུས་པ་ལྡན་ཡོད་པ།

    ཁྲག་རྩར་སྲུང་སྐྱོབ་ཐུབ་པ།   ཏིལ་སྣུམ་ཁྲོད་སྣུམ་སྐྱུར་ཅུང་ཉུང་བ་དང་ཏ་ལ་སྐྱུར་མོ་སོགས་ཚད་མ་ལོན་པའི་ཞག་ཚིའི་སྐྱུར་40%ཡས་མས་འདུས་ཡོད་པས་མིའི་ལུས་པོས་དབྱེ་ཕྲལ་ངང་འཇུ་སླ་བ་དང་བེད་སྤྱོད་གཏོང་ཐུབ་པས་མཁྲིས་རྒྱུ་གཤེར་རྩིའི་རྙིང་ཚབ་གསར་འབྱེད་ལ་སྐུལ་འདེད་གཏོང་བ་དང་འབྲེལ་འཕར་རྩའི་ངོས་ཀྱི་དིམ་བསགས་དངོས་པོ་སེལ་རོགས་བྱེད་ཐུབ་པ།

    རྒྱུ་མ་འཇམ་འདྲེད་དང་བཙོག་པ་གཏོང་སླ་བ།   གོམས་གཤིས་ཆགས་པའི་བཙོག་པ་གཏོང་མི་ཐུབ་མཁན་གྱིས་སྔ་དགོང་གྲོད་པ་སྟོང་པར་ཏིལ་སྣུམ་ཁ་གང་བཏུང་ན་རྒྱུ་མ་འཇམ་འདྲེད་དང་བཙོག་པ་གཏོང་སླ་རུ་འགྲོ་ཐུབ།  

    གློ་འཇགས་ཐུབ་པ།   མ་ཉལ་གོང་ཏིལ་སྣུམ་ཁ་གང་བཏུང་བ་དང་ཉིན་གཉིས་པར་ལངས་རྗེས་སླར་ཡང་ཁ་གང་བཏུང་ན་གློ་འཇགས་རྒྱུར་ཕན་པས་ཉིན་ཁ་ཤས་རྒྱུན་འཁྱོངས་ཐུབ་ན་གློ་རྦད་དེ་འཇགས་ཐུབ།

    ཐ་མག་དང་ཆང་རག་གི་དུག་སྐྱོན་ཉུང་དུ་གཏོང་ཐུབ་པ།   ཐ་མག་འཐེན་པའི་གོམས་གཤིས་ཡོད་པ་དང་ཆང་རག་འཐུང་མཁན་གྱིས་རྒྱུན་དུ་ཏིལ་སྣུམ་ཕྲན་ཙམ་བཏུང་ན་ཐ་མག་གིས་སོ་དང་།  སོ་རྙིལ།  ཁའི་སྦུག་གི་རྩི་པགས་བཅས་ལ་ཐད་ཀར་ཕོག་ཐུག་གཏོང་བ་དང་གནོད་འཚེ་ཕོག་ཚད་ཉུང་དུ་འགྲོ་ཐུབ།  ཆང་རག་མ་བཏུང་གོང་ཏིལ་སྣུམ་ཕྲན་ཙམ་བཏུང་ན་ཁའི་ནང་དང་།  མིད་པ།  ཕོ་ཁ།   ཕོ་བའི་རྩི་པགས་བཅས་ལ་སྲུང་སྐྱོབ་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་ཐུབ།  

    གྲེ་བར་སྲུང་སྐྱོབ་ཐུབ་པ།   རྒྱུན་དུ་ཏིལ་སྣུམ་བཏུང་ཚེ་སྐད་ཀྱི་རྐྱང་བསྐུམ་རང་བཞིན་གྱི་མིད་པའི་གཉེན་ཚད་སླར་གསོ་ཐུབ་པའི་ནུས་པ་ལྡན།  

    སྣ་ཁུང་གི་གཉན་ཚད་བཅོས་ཐུབ་པ།   དལ་བའི་རང་བཞིན་གྱི་སྣ་ཁུང་གི་གཉན་ཚད་ཕོག་མཁན་གྱིས་དུག་སེལ་བྱས་པའི་སྲིང་བལ་རིལ་རིལ་སྟེང་ཏིལ་སྣུམ་བསྐུས་ནས་སྣ་ཁུང་གི་གཉན་ཁ་ཡོད་སར་བྱུགས་ན་ཐེངས་གཅིག་ལ་ཕན་འབྲས་ཐོན་པ་དང་ཐེངས་གཉིས་བྱུགས་ན་གཉན་ཁ་རྦད་དེ་འཇགས་ཐུབ། 

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།