དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རྩལ་བོད་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-13

    ཚེས་10ཉིན་རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རྩལ་བོད་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་བར་ཕྱི་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་། ལྷག་དོན་དུ་རེས་སྐོར་གསར་པའི་བོད་ཀྱི་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བོད་ཀྱི་ཞིང་འབྲོག་ལས་ཚན་རྩལ་གྱི་ལས་དོན་འཕེལ་རྒྱས་མྱུར་པོ་དང་ཡར་རྒྱས་བྱུང་བའི་ཁར། ཞིང་འབྲོག་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཞིབ་འཇུག་ཐུབ་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

    ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་ལས་དོན་གྱིས་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཚོགས་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཞིང་འབྲོག་ལས་ཀྱི་སྔོན་ཐོན་དང་ཉེར་སྤྱོད་ལག་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་བྱེད་མགྱོགས་སུ་བཏང་ནས་ཚན་རྩལ་ལ་བརྟེན་ཏེ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བྱེད་དགོས། ཞིང་ལས་ཚན་རྩལ་གྱི་བོད་སྐྱོར་ལས་དོན་སྤེལ་བ་བརྒྱུད་ཞིང་འབྲོག་ལས་དང་ཚན་རྩལ་དབར་མཉམ་འབྲེལ་ཆེན་པོ་དང་། རོགས་ལས་ཆེན་པོ། གསར་གཏོད་ཆེན་པོ། འཕེལ་རྒྱས་ཆེན་པོ་བཅས་ཡོང་བ་བྱེད་པ་དང་། རྒྱལ་ཡོངས་ཞིང་ལས་ཚན་རྩལ་གྱི་ལེགས་ཆ་དང་སྟོབས་ཤུགས་གང་ལེགས་སྤྱོད་པ། ཚན་རྩལ་གྱི་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ནུས་ཆེའི་ཚན་རྩལ་བོད་སྐྱོར་ལས་དོན་གྱི་ལམ་སྲོལ་གསར་པ་འཛུགས་པ། བོད་ཀྱི་ཞིང་འབྲོག་ཚན་རྩལ་གསར་གཏོད་དང་ཞབས་ཞུའི་ནུས་པ་ཆེ་རུ་གང་མགྱོགས་གཏོང་བ། བོད་ཀྱི་ཞིང་འབྲོག་ཚན་རྩལ་ལས་དོན་གྱི་མི་འདང་བའི་ཆ་དང་ཞན་ཆ་གསབ་པ་བཅས་བྱས་ནས་བོད་ཀྱི་ཞིང་འབྲོག་ལས་ཚན་རྩལ་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།