དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་སྤྱི་དབང་མིན་པའི་དཔལ་འབྱོར་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-13

    གསར་འགོད་པར་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ་དམངས་ཁྲོད་ཀྱི་མ་འཇོག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ཡོད། 2011ལོ་ནས་བཟུང་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1.73བཏང་སྟེ་སྤྱི་དབང་མིན་པའི་ཁེ་ལས་འཕེལ་རྒྱས་གཏོང་བའི་རྣམ་གྲངས་99ལ་རོགས་སྐྱོར་བྱས་ནས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་རོགས་རམ་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ《རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཏན་འབེབས་འགའ་ཞིག》བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་སྟེ་དམངས་གཉེར་ཁེ་ལས་ནུས་རྒྱུ་དང་། གཏེར་ཁ། ནོར་སྲིད། དངུལ་རྩ་སོགས་རྒྱུན་ལྡན་སྒེར་སྡེམ་བྱེད་པའི་ཁོངས་སུ་ཞུགས་ཆོག་པའི་སྲིད་ཇུས་སྔར་བས་ལག་ལེན་བསྟར་བ་མ་ཟད། ས་ཁུལ་དང་གྲོང་ཁྱེར་ཁག་གི་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཚོགས་འདུ་སྔ་རྗེས་སུ་འཚོགས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་བཙུགས་པའི་ནང་ནས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ནག་ཆུ། ཉིང་ཁྲི་བཅས་ལ་སྒོར་ཁྲི་500དང་། ཁྲི་400 ཁྲི་1500 ཁྲི་300 ཁྲི་400བཅས་སོ་སོར་བཏང་ཡོད།

    དེས་ན། ཕན་ནུས་ལྡན་པའི་རྒྱབ་སྐྱོར་བྱ་ཐབས་ལག་ལེན་བསྟར་བས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།