དབུ་ཤོག>གསར་འགྱུར།
  • བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་གདོང་ཐུག་དོན་རྐྱེན་ནང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣ་སྐུ་གཤེགས་པར་གདུང་སེམས་མཉམ་སྐྱེ་དང་མྱ་ངན་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚཌ་པར།   |     སྤེལ་དུས།  2016-07-13

    ཚེས་10ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྨྱན་སྦྱོར་ཐོག་གསལ་བསྒྲགས་སྤེལ་བར་གཞིགས་ན། སུའུ་ཏན་ལྷོ་མའི་དམག་དཔུང་གི་ནང་ཁུལ་ཤོག་ཁག་གདོང་ཐུག་དོན་རྐྱེན་ནང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣ་སྐུ་གཤེགས་པ་དང་རྨས་སྐྱོན་ཕོག་པར་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣའི་ནང་མིར་གདུང་སེམས་མཉམ་སྐྱེ་དང་མྱ་ངན་ཞུས་པ་རེད།

    ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པར་བཙུགས་པའི་སྒྲིག་གཞི་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲུང་སྐྱོང་བྱེད་པའི་སུའུ་ཏན་མི་སེར་གནས་ཡུལ་ལ་འཇབ་རྒོལ་ཕོག་ནས་ཀྲུང་གོ་དང་རུ་ཝང་ཏ་ནས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣ་སྐུ་གཤེགས་ཤིང་། སུའུ་ཏན་ལྷོ་མར་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་གིས་འཇབ་རྒོལ་ནང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣ་གཅིག་གྲོངས་པ་དང་། མི་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ། མི་གསུམ་ལ་རྨས་སྐྱོན་ཆུང་ཙམ་ཕོག་པ་བཅས་ར་སྤྲོད་བྱས་པ་རེད།

    བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྨྱན་སྦྱོར་གསལ་བསྒྲགས་ནང་སུའུ་ཏན་ལྷོ་མའི་དམག་དཔུང་ནང་ཁུལ་ཤོག་ཁག་གི་གདོང་ཐུག་ནང་ཀྲུང་གོ་དང་རུ་ཝང་ཏའི་ཞི་བདེ་སྲུང་སྐྱོང་མི་སྣ་སྐུ་གཤེགས་པ་དང་རྨས་སྐྱོན་ཕོག་པར་ཞི་བདེ་སྲུང་སྐྱོང་མི་སྣའི་ནང་མིར་གདུང་སེམས་མཉམ་སྐྱེ་དང་མྱ་ངན་ཞུས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་འབྲེལ་མི་སེར་ལ་འཇབ་རྒོལ་བྱེད་པ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་གནས་ས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣར་འཇིག་རྒོལ་བྱེད་པའི་བྱེད་སྤྱོད་དེ་དམག་འཁྲུག་གི་ཉེས་པ་བསགས་པ་ཞིག་ཡིན་པས་ད་ཐེངས་ཀྱི་འཇབ་རྒོལ་བྱེད་མཁན་མི་སྣའི་འགན་འཁྲི་ངེས་པར་དུ་བདའ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྨྱན་སྦྱོར་གསལ་བསྒྲགས་ནང་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་མི་སྣ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་གནས་འདི་གའི་མི་སེར་གནས་ཡུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་དང་འབྲེལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པར་དམག་དཔུང་མང་དུ་གཏོང་རྒྱུའི་ཐད་བསམ་བློ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་ཁུལ་འདི་གའི་རྒྱལ་ཁབ་ཁག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དམག་དཔུང་མང་དུ་གཏོང་རྒྱུའི་གཏན་འཁེལ་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་སུའུ་ཏན་ལྷོ་མའི་ཆེད་མངགས་ཚོགས་པར་དམག་དཔུང་དེ་བས་མང་བ་མཁོ་འདོན་བྱ་རྒྱུའི་ལྕག་སྐུལ་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་སུའུ་ཏན་ལྷོ་མའི་དུས་བབ་འཚུབ་གཞི་ཆེ་ཞིང་། 2013ལོའི་ཟླ་བ་བདུན་པར་ཙུང་ཐུང་ཅིའར་གྱིས་ཙུང་ཐུང་གཞོན་པ་མ་ཧྲའར་གྱི་གོ་གནས་མེད་པ་བཟོས་པ་དང་ལོ་འདིའི་ཟླ་བ་བཅུ་གཉིས་པར་རྒྱལ་ས་ཀྲུའུ་པར་ཛ་དྲག་གི་དྲག་ཆས་གདོང་ཐུག་དོན་རྐྱེན་ཐོན་པ་དང་ཙུང་ཐུང་ལས་ཤག་གིས་མ་ཧྲའར་གྱིས་སྲིད་འགྱུར་གྱི་ལྐོག་གཡོར་རྒོལ་གཏམ་བཏང་བ་དང་ཅིའར་དང་མ་ཧྲའར་ཤོག་ཁག་གཉིས་དབར་ཡུན་རིང་འཐབ་འཛིང་བྱས་ནས་མ་ཧྲའར་ཀྲུའུ་པ་ནས་བྲོས་ཡོད། 2015ལོའི་ཟླ་བ་བརྒྱད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདུམ་འགྲིག་བྱས་པ་བརྒྱུད་ཕྱོགས་གཉིས་པོས《སུའུ་ཏན་ལྷོ་མའི་གདོང་ཐུག་ཐག་གཅོད་བྱ་རྒྱུའི་གྲོས་མཐུན》ལ་དངོས་སུ་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།