དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཚོང་ཟོག་ཉོ་ཚོང་ལྟེ་གནས་བཙུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-13

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། བོད་ལྗོངས་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཀྱིས་ལྷ་སར་མ་ལག་དྲ་ཐོག་ཏུ་བཀོལ་བའི་མཛད་སྒོ་འཚོགས་ཤིང་། སྤོམས་ཆེའི་ཚོང་ཟོག་ཉོ་ཚོང་ལས་སྟེགས་དང་ས་གནས་དེ་གས་གཙོ་གནད་ཐོག་གཏོད་པའི་ཚོང་འགུགས་མ་འདྲེན་ཁྲོམ་ར་ཅན་གྱི་སྐར་ཁུང་ཡིན་པའི་བོད་ལྗོངས་ཚོང་ཟོག་ཉོ་ཚོང་ལྟེ་གནས་བཙུགས་པ་དེ་ཐོག་ནས་བོད་ལྗོངས་མ་རྩའི་ཁྲོམ་ར་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་འགྲོ་བ་དང་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོའི་ནང་མགྱོགས་མྱུར་མཉམ་འདྲེས་ཐུབ་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཚོང་ཟོག་ཉོ་ཚོང་ལྟེ་གནས་དེ་ལྷ་ས་གྲོང་ཁྱེར་གྱིས་ནང་འདྲེན་བྱས་པ་དང་སྣེའུ་ཁུལ་གསར་དུ་གཞིས་ཆགས་ཡོད། ལྟེ་གནས་དེས་ཉོ་ཚོང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཚོང་ཟོག་ཉོ་ཚོང“དངོས་གཞི་ཅན”དང་། ཚོང་ཟོག་འཁོར་རྒྱུག་དང་། ཉོ་ཚོང་ལམ་སྲོལ། ཞབས་ཞུའི་བྱ་ཐབས“འདུས་གྲུབ་ཅན” ཆ་འཕྲིན་དང་། ཟོག་འགྲེམས། སྤུས་ཚད་ཞིབ་བཤེར། མ་དངུལ་བསྡུ་སྒྲིལ་ནུས་པ“གཞི་གཅིག་ཅན”དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཐོན་ཁུངས་སྣ་ཚོགས་ཀྱི་བཀོད་སྒྲིག་ལེགས་གཏོང་དང་རིན་གོང་ཁྲོམ་ར་ཅན་དུ་འགྱུར་བ་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་གི་རིན་གོང་གཏན་འཁེལ་ལྟེ་གནས་ལ་འགྱུར་བ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།