དབུ་ཤོག
  • གཉེར་མ་ལས་བདེ་ཐང་གི་གནས་ཚུལ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-12

    གཉེར་མ་ནི་མི་འཚར་ལོངས་དང་རྒས་པའི་མཚོན་རྟགས་ཤིག་ཡིན།   གསོ་རིག་རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བྱས་ནས་གཉེར་མ་ཆགས་སྟངས་མི་འདྲ་བ་ལས་བདེ་ཐང་གི་གནས་ཚུལ་མི་འདྲ་བ་མངོན་གྱི་ཡོད་ཅེས་བསྟན་ཡོད་པས་སྐུ་ཉིད་ཀྱིས་རང་ཉིད་ཀྱི་གཉེར་མར་ལྟ་ཞིབ་བྱས་ན་མི་འགྲིག་པ་མེད།  

    1.གདོང་ལ་འཕྲེད་དུ་གཉེར་མ་ཆགས་སྐབས་ཁྲག་ཤེད་མཐོ་པོ་ཡོད་མེད་ལ་བརྟག་དགོས།  2.དཔྲལ་བར་འཕྲེད་གཉེར་ཐུང་ཐུང་ཆགས་པ་དེ་ནི་ཀླད་རྩ་ཉམས་པ་དང་།  ཡིད་མུག་པ།   སེམས་འཚབ་ལ་བསུན་སྣང་སྐྱེ་བ་བཅས་ཀྱི་མཚོན་རྟགས་ཡིན་པ།   3.སྨིན་པའི་དབྲག་ཏུ་གཉེར་མ་ཆགས་པ་ནི་སྣ་སྦུག་རུས་ཁུང་ཡག་པོ་མེད་པའི་སྔ་ལྟས་ཡིན་པ།   4.མིག་ཟུར་དུ་གཉེར་མ་ཆགས་པ་ནི་ཐོས་ཤུགས་ཉམས་པ་དང་མགོ་ན་བའི་མཚོན་རྟགས་ཡིན་པ།  5.མིག་འོག་འབུར་འབུར་མངོན་ཆེན་ཐོན་པའི་སྐབས་མཁལ་མ་གསོ་དགོས་པ།  6.མིག་ཐོད་དུ་གཉེར་མ་མང་པོ་ཐོན་ཚེ་སྙིང་ཡག་པོ་མེད་པའི་སྔ་ལྟས་ཡིན་པ།   7.སྣ་ཁུག་སྟེང་དུ་གཉེར་མ་ཆགས་པ་ནི་ལྒང་ཕུག་དང་མཁལ་མར་ན་ཚ་ཡོད་པ།  8.ཁའི་ཟུར་དུ་དང་ཨོག་མར་གཉེར་མ་ཐོན་སྐབས་ཕོ་རྒྱུར་བརྟག་དཔྱད་བྱེད་དགོས་པ།   9.སྐེ་ལ་གཉེར་མ་ཐོན་སྐབས་མཇིང་པའི་རྒྱུངས་པ་དང་རྙིང་ཚབ་གསར་བརྗེས་མ་ལག་ལ་བརྟག་དཔྱད་བྱེད་དགོས་པ་དང་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།