དབུ་ཤོག
  • དུག་རྫས་ཀྱི་སྣ་ཁ་དང་ཉེན་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-12

    དུག་རྫས་ནི་ཉལ་ཐ་དང་། ཉལ་ཐ་ཧེ་རུན། ཤེལ་དུག མ་ཧྥེ། ཁོ་ཁ་དབྱིན་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་ནས་དོ་དམ་ཚོད་འཛིན་བྱེད་པའི་མི་དབྱིངས་ལ་ཞུགས་པའི་སྦྲིད་སྨན་དང་ཀླད་རྩའི་སྨན་ལ་ཟེར། སྦྲིད་སྨན་ལ་གཙོ་བོ་ཉལ་ཐའི་རིགས་དང་། དུག་རྫས་སོ་མངར་ཙའི་རིགས། ཁོ་ཁའི་རིགས་བཅས་ལ་དབྱེ་བ་དང་རྒྱུན་དུ་མཐོང་མང་ཤོས་ནི་ཉལ་ཐ་དང་། ཕྱེ་དཀར་ཉལ་ཐ། མ་ཧྥེ། ཏུའུ་ལེང་ཏིང་སོགས་ཡིན་ཞིང་། བཟི་སྨན་ལ་གཙོ་བོ་ངར་སྨན་དང་། གནོན་སྨན། འཁྲུལ་སྨན་བཅས་ལ་དབྱེ་བ་དང་རྒྱུན་དུ་མཐོང་མང་ཤོས་ནི་ཤེལ་དུག་དང་། འཁྱོམ་དུག ཁིལ་འན་ཐུམ་ཕྱེ་སོགས་ཡོད།

    དུག་རྫས་མི་འདྲ་བ་འཐེན་རྗེས་རང་སོ་སོར་དུག་ནུས་མི་འདྲ་བ་ཐོན་ཡོད། དེས་ལུས་པོའི་བདེ་ཐང་ལ་ཐད་ཀར་གནོད་འཚེ་བཟོ་བ་མ་ཟད། ཚད་ལས་བརྒལ་ཚེ་མི་ཤི་གི་ཡོད། དུག་རྫས་ཀྱིས་དུག་འཐེན་མཁན་གྱི་ལུས་ཁམས་དང་སེམས་ཁམས་ལ་དབྱིངས་བཟོས་ནས་དུག་རྫས་ཀྱི་བྲན་གཡོག་ལྟ་བུར་གྱུར་ནས་ལས་ཀའི་ནུས་པ་དང་འཚོ་བའི་ནུས་པ་ཤོར་འགྲོ་གི་ཡོད། དུག་ཡུན་རིང་འཐེན་ཚེ་ཀླད་རྩ་འཁུམས་ནས་ཤེས་པ་ཉམས་ཏེ་ཁྲིམས་འགལ་ཉེས་གསོག་གི་ལོག་ལམ་དུ་ལྷུང་གི་ཡོད། ཚེ་སྲོག་ལ་གཅེས་འཛིན་བྱས་ནས་དུག་རྫས་འཐེན་རྒྱུ་མེད།

    ཉལ་ཐ་ནི། མེ་ཏོག་གངས་ལ་ནས་དོན་པའི་འབྱར་བག་ཅན་གྱི་གཤེར་ཁུ་མཁའ་རླུང་ཁྲོད་དབྱང་འགྱུར་དང་རླུང་སྐམ་འཐེབས་རྗེས་གར་ཚི་ཆེ་བའི་མདོག་ཁམ་སྨུག་ཅིག་ཏུ་འགྱུར་གྱི་ཡོད། དེ་ཡུན་རིང་འཐེན་ན་མིའི་ལུས་པོའི་དབང་པོ་ཁག་གི་ནུས་པ་ཉམས་འགྲོ་བ་དང་ལྷག་པར་དུ་མིའི་ལུས་པོའི་ཕོ་བའི་ནུས་པ་དང་། མཆིན་པའི་ནུས་པ། བུ་བཙའི་ནུས་པ་བཅས་ཉམས་འགྲོ་བ་དང་། ཚད་བརྒལ་འཐེན་ན་མི་ཤི་གི་ཡོད།

    མ་ཧྥེ་ནི། མདོག་མེད་པའམ་ཡང་ན་མདོག་དཀར་པོའི་ཞུན་ཐིགས་ཕྱེ་མ་ཞིག་ཡིན་པ་དང་དེ་ནི་ཉལ་ཐའི་སྐྱེ་དངོས་ཀྱི་བ་ཚྭ་གཙོ་བོ་རེད། དེ་ནི་ལུས་པོ་ཡོངས་ཀྱི་སེམས་གནོན་སྨན་རྫས་ཤིག་ཡིན་པ་དང་དེ་བཟས་ན་དབུགས་ལམ་མ་ལག་དང་། འཁོར་རྒྱུག་མ་ལག ཕོ་རྒྱུའི་མ་ལག་བཅས་ལ་ཞོར་སྐྱོན་གཏོང་གི་ཡོད།

    ཉལ་ཐ་ཧེ་རུན་ནི། མ་ཧྥེ་རྫས་འགྱུར་སྨན་རྫས་བཙོ་སྦྱངས་བྱས་ནས་ཐོན་པ་ཞིག་ཡིན་པ་དང་མདོག་དཀར་ཕྱེ་མ་ཡིན་པས“ཕྱེ་དཀར”ཞེས་བརྗོད་ཀྱི་ཡོད། དེས་མི་ལུས་ལ་ཐོན་པའི་དུག་ནུས་ནི་མ་ཧྥེ་ཡི་ལྡབ་5ཡན་ཟིན་པ་དང་དེ་ཡུན་རིང་འཐེན་ན་མིའི་སྐྱེ་འཕེལ་དང་། དབང་རྩ། ཕོ་རྒྱུ་བཅས་ཀྱི་མ་ལག་ལ་གནོད་སྐྱོན་ཚབས་ཆེན་བཟོ་བ་དང་། ཚད་བརྒལ་འཐེན་ན་མི་ཤི་གི་ཡོད།

    ཏུའུ་ལེང་ཏིང་ནི། མདོག་དཀར་ཤེལ་གཟུགས་ཕྱེ་མ་ཞིག་ཡིན་པ་དང་མ་ཧྥེ་ལས་ཐོན་པའི་འདུས་སྦྱངས་སྦྲིད་སྨན་ཞིག་རེད། དེའི་ནུས་པ་མ་ཧྥེ་དང་གཅིག་མཚུངས་ཡིན་ལ་མིག་སྔར་རྟག་ཏུ་སྤྱོད་པའི་གཏར་གཅོག་པའི་སྨན་གྱི་གྲས་ཤིག་རེད། སྨན་བཅོས་ཐད་སྨན་ཆུ་དང་རིལ་བུ་ཡིན་ཡང་གང་བྱུང་དུ་སྤྱད་ན་དབྱིངས་ལ་ཚུད་ནས་དུག་ཏུ་གྱུར་ཏེ་མིའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད།

    ཤེལ་དུག་ནི། མདོག་དཀར་ཤེལ་གཟུགས་ཕྱེ་མ་ཞིག་ཡིན་པ་དང་དབྱིབས་ཤེལ་སྒོ་འདྲ་པོ་ཡོད་པས་ཤེལ་དུག་ཅེས་བརྗོད་ཀྱི་ཡོད། དེ་ཕྲན་ཙམ་བཟས་ན་དུས་ཐུང་རིང་ངལ་དུབ་སེལ་བའི་ནུས་པ་ཡོད་པས་སྟོབས་སྐྱེད་རིལ་བུ་ཞེས་བརྗོད་ཀྱི་ཡོད། ཤེལ་དུག་ལ་དབྱིངས་ཤོར་སླ་བས་གལ་སྲིད་གང་བྱུང་དུ་བཟས་ན་ངར་ལང་གི་ཡོད། དེ་མང་པོ་བཟས་ཚེ་དུག་ཚབས་ཆེན་ཕོག་གི་ཡོད།

    འཁྱོམ་དུག་ནི། ལྟེ་བའི་དབང་རྩར་ངར་སློང་བའི་ཁོངས་སུ་གཏོགས་པ་དང་རང་རྒྱལ་གྱིས་གཏན་འབེབས་བྱས་ནས་དོ་དམ་ཚོད་འཛིན་བྱེད་པའི་ཀླད་རྩའི་སྨན་ཡིན་པ་དང་དེས་ལྟེ་བའི་དབང་རྩར་ངར་སློང་བ་དང་དེར་དབྱིངས་ཤོར་གྱི་ཡོད། དེ་བཟས་རྗེས་འཕྲུལ་སྣང་སྐྱེ་བ་མ་ཟད། གཏུམ་སྤྱོད་སྤེལ་མཁན་ལ་གྱུར་ནས་རང་གཅུན་ནུས་པ་ཤོར་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།