དབྱར་ཁ་རླངས་འཁོར་ནང་དུ་དྲོད་ཚད་ཆེ་བར་དམིགས་ནས། རང་སྐྱོང་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དབྱར་ཚ་བ་ཆེ་བའི་དུས་སུ་རླངས་འཁོར་ནང་དུ་དངོས་པོ་གང་བྱུང་མི་འཇོག་པར་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས།
རང་སྐྱོང་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། རླངས་འཁོར་ནང་དུ་གཤམ་གསལ་གྱི་དངོས་པོ་དེ་དག་འཇོག་མི་རུང་བའི་དྲན་སྐུལ་བྱས་པ་སྟེ། མེ་ལྕགས་ནང་གི་གཤེར་གཟུགས་རླངས་པ་དྲོད་ཚད་གང་འཚམ་སླེབས་ན་འབར་སླ་པོ་ཡོད། མིག་ཡག་པོ་མེད་པའི་ཁ་ལོ་བས་ཆེ་ཤེལ་དང་མིག་ཤེལ་རླངས་འཁོར་གྱི་ཤེལ་སྒོའི་མདུན་དུ་བཞག་ན་མེ་སྐྱོན་གྱི་ཉེན་ཁ་ཐོན་སྲིད། དབྱང་གཉིས་ཐཱན་འགྱུར་མང་བའི་འཐུང་བཅའ་ཚ་པོ་ཆགས་ན་འབར་སླ་བ་བཅས་རེད།