ཤེས་བྱའི་གཙོ་གནད།
འཁྲུད་ཁང་གི་དྲོད་ཤེལ་ཆེན་པོ་མེད་རུང་ནུས་པ་ཆེན་པོ་ལྡན་ཡོད། ཤེལ་ཏོག་གི་རིགས་ཤིག་ཡིན་པའི་འཁྲུད་ཁང་གི་དྲོད་ཤེལ་ཚང་མར་ཝ་275ཙམ་ལྡན་ཡོད། གལ་སྲིད་འཁྲུད་ཁང་གི་དྲོད་ཤེལ་སྤྱོད་ཡུན་རིང་བའི་ཁར། དེའི་སྤུས་ཚད་ཞན་པ་དང་ལྷུ་ལག་རྙིང་པར་གྱུར་ཚེ་གློག་རྒྱུན་ཆད་པ་སོགས་ཀྱི་ཉེན་ཁ་ཐོན་སྲིད།
མེ་ཟོན་གྱི་དྲན་སྐུལ།
དེ་ཉོ་སྐབས་ཚད་ལྡན་གྱི་སྤུས་རྟགས་འདེམས་པ་དང་ཆེད་ལས་མི་སྣ་གདན་དྲངས་ནས་སྒྲིག་སྦྱོར་བྱས་ཏེ་གློག་སྐུད་ཀྱི་ཐེག་ནུས་ཀྱི་ཚད་ལས་མི་བརྒལ་བ་བྱེད་དགོས། དུས་བཀག་ཐོག་གློག་སྐུད་ལ་ཞིབ་བཤེར་བྱེད་དགོས་པ་དང་གློག་རྒྱུན་ཆད་པ་སོགས་ཤེས་ཚེ་འཕྲལ་མར་བརྗེ་པོ་རྒྱག་དགོས། འཁྲུད་ཁང་དྲོད་ཤེལ་གྱི་རླུང་བརྗེའི་མ་ལག་ཤར་གཏོང་ཐུབ་པ་དགོས་པ་དང་འཁྲུད་ཁང་དྲོད་ཤེལ་གྱི་ཕྱི་ཤུབས་གཙང་མ་དགོས་ལ་དྲོད་ཚད་མཐོ་པོ་ཐེག་ཐུབ་པ་དང་འབར་འགོག་སོགས་ཀྱི་ནུས་པ་ཆེན་པོ་ལྡན་པ་དགོས། འཁྲུད་ཁང་གི་དྲོད་ཤེལ་སྤྱད་དེ་དྲོད་སྲུང་བྱེད་པར་ཡག་ཤོས་བྱུང་ན་དང་ཐོག་འཁྲུད་ཁང་གི་དྲོད་ཤེལ་སྤར་རྗེས་གཞི་ནས་ཆུ་བླུག་དགོས་པ་ལས། ཆུ་དང་གཟུགས་འཁྲུའི་གཤེར་ཁུ་དང་སྐྲ་འཁྲུ་རྫས་སོགས་ཀྱི་ལྦུ་བ་གློག་ཆས་ཀྱི་ལྷུ་ལག་ཐོག་མི་འགོས་པ་བྱེད་དགོས། དེ་ལས་ལྡོག་ཚེ་གློག་འགོག་དངོས་པོ་རུལ་བ་དང་འཕྲོ་བརླག་ཕྱིན་པ་སོགས་བྱས་ནས་གློག་རྒྱུན་ཆད་དེ་མེ་འབར་གྱི་ཡོད། འཁྲུད་ཁང་གི་དྲོད་ཤེལ་ཉེ་འགྲམ་དུ་སོལ་རླངས་དང་དེ་བཞིན་མདོང་ལམ་གཞན་བསྒར་མི་རུང་། དེ་ལས་ལྡོག་ཚེ་གློག་ཟགས་ནས་མེ་སྐྱོན་ཐོན་སྲིད།
འཁྲུད་ཁང་གི་དྲོད་ཤེལ་བེད་སྤྱོད་ཡུན་རིང་བྱ་མི་རུང་། དེ་ལས་ལྡོག་ཚེ་གློག་ཆས་ཀྱི་གློག་རྒྱུན་ཆད་སྲིད། བེད་སྤྱོད་བཏང་ཟིན་རྗེས་དུས་ཐོག་ཏུ་ཁ་འགོག་དགོས་ལ་བསྒར་སྣེ་བཀོག་ནས་གློག་ཁུངས་རྦད་དེ་ཆད་པ་བྱེད་དགོས། དེ་ལས་ལྡོག་ཚེ་གློག་ཆས་རློན་པ་ཆགས་ནས་གློག་འགོག་དངོས་པོའི་ནུས་པ་སྐྱོ་རུ་ཕྱིན་ཏེ་མེ་སྐྱོན་ཐོན་པའམ་ཡང་ན་གློག་འཁྱུད་པ་སོགས་ཀྱི་གནས་ཚུལ་ཐོན་སྲིད།