དབུ་ཤོག>གསར་འགྱུར།
  • ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་རྒྱ་མཚོའི་གད་སྙིགས་གཙང་སེལ“རོགས་ཟླའི་གྲོང་ཁྱེར”གྱི་མཉམ་ལས་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-12

     ཚེས་10ཉིན་འཚོགས་པའི་སྣོད་བཅུད་ཤེས་དཔལ་གྱི་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་2016ལོའི་ལོ་ཚོགས་ཀྱི་རྒྱ་མཚོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག ཤ་མོན་གྲོང་ཁྱེར་དང་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱ་མཚོའི་གད་སྙིགས་གཙང་སེལ“རོགས་ཟླའི་གྲོང་ཁྱེར”གྱི་མཉམ་ལས་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་ཡོད། ཕྱོགས་གཉིས་པོས་མཉམ་ལས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་མོལ་བྱས་ཁར་གོམ་སྟབས་རྗེས་མར་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱིས་ས་གནས་ས་ཐོག་ཏུ་ཤ་མོན་རྒྱ་མཚོའི་གད་སྙིགས་གཙང་སེལ་དཔེ་སྟོན་ས་ཚིགས་སུ་ལྟ་སྐོར་བྱ་རྒྱུ་ཡིན་པ་རེད།

    ན་ནིང་གི་རེས་སྐོར་བདུན་པའི་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་གླེང་མོལ་བྱེད་རིང་ཕྱོགས་གཉིས་པོས་ཀྲུང་ཨའི“རྒྱ་མཚོ་སྲུང་སྐྱོང”གི་དམིགས་བསལ་ཚོགས་འདུ་ཐེངས་དང་པོ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། རྒྱ་མཚོའི་གད་སྙིགས་གཙང་སེལ་དང་རྒྱ་མཚོ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ཐད་ཐུན་མོང་གི་ངོས་འཛིན་གྲུབ་པའི་ཁྲོད་རྒྱ་མཚོའི་གད་སྙིགས་གཙང་སེལ“རོགས་ཟླའི་གྲོང་ཁྱེར”གྱི་མཉམ་ལས་འཆར་གཞི་རྒྱ་མཚོའི་མཉམ་ལས་གྲུབ་འབྲས་ཀྱི་ཞིབ་ཐོའི་ནང་དངོས་སུ་བཅུག་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤ་མོན་གྲོང་ཁྱེར་གྱིས་མཚོ་སྐམ་སྤྱི་འདོམས་བྱེད་པའི་བྱེད་སྟངས་སྤྱད་དེ་རྒྱ་མཚོ་དང་གཙང་པོ་ཕྱོགས་བསྡུས་བཅོས་སྐྱོང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱ་མཚོའི་ནང་གད་སྙིགས་བསྐྱུར་རྒྱུ་ཉུང་དུ་གཏོང་བ། རྒྱ་མཚོའི་གད་སྙིགས་གཙང་སེལ་དང་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ཇུས་གཞི་བཟོ་བ་བཅས་བྱས་ཏེ་ལས་སྒྲུབ་མཚོ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་སྨི་ངོས་གྲུ་ཁྲི་62ཟིན་པ་དང་། ལོར་གད་སྙིགས་ཏུན་120ལྷག་ཙམ་གཙང་སེལ་བྱས་པ། འཚོ་བའི་གད་སྙིགས་རིགས་ཕྱེ་ནས་ཚད་ཉུང་དུ་བཏང་བ། མཚོ་རྒྱུད་ཀྱི་གད་སྙིགས་སྒོ་རྩ་ནས་འགན་ལེན་གསུམ་བྱེད་པའི་བྱེད་ཐབས་ཁྱབ་སྤེལ་བཏང་ཡོད། ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱིས་འགྱིག་ཤོག་ཚུར་བསྡུ་བྱེད་སྟངས་ཁྱབ་སྤེལ་བཏང་བ་བརྒྱུད། ཟོག་རོ་བསྡུ་ལེན་དང་། དོ་དམ། སླར་ཡང་བེད་སྤྱོད་སོགས་ཀྱི་སྲིད་ཇུས་བྱེད་ཐབས་ལ་སྐུལ་འདེད་བཏང་སྟེ་གད་སྙིགས་དང་ཟོག་རོ་རྒྱ་མཚོའི་ནང་བསྐྱུར་ཚད་ཉུང་དུ་གཏོང་བ་དང་སྔོན་འགོག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།