ད་ལོ་ནི《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་15འཁོར་བའི་ལོ་དང་། ཀྲུང་ཨུ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་ཡིན་པས། ཟླ་7ཚེས་6ཉིན། ཀྲུང་གོ་ཨའེ་གཡོད་རོལ་དབྱངས་ཚོགས་པ་དང་ཀྲུང་དབྱང་ན་ཆུང་རྒྱང་བསྒྲགས་མཉམ་གཞས་ཚོགས་པས་ཨུ་རུ་སུའི་དབྱིར་ཁུའུ་ཚེ་ཁེ་ཀྲོའུ་མཉམ་དཀྲོལ་རོལ་དབྱངས་ཚོགས་པ་དང་མཉམ་དུ་ཨུ་རུ་སུའི་དབྱིར་ཁུའུ་ཚེ་ཁེ་རུ་ཀྲུང་ཨུའི་མཛའ་མཐུན་མཚོན་པའི་ཚད་གཞི་མཐོ་བའི་རོལ་དབྱངས་འདུ་ཚོགས་ཤིག་སྤེལ་བ་དེ་ནི“ཀྲུང་ཨུ་སྨྱན་སྦྱོར་སྤེལ་རེས་ལོའི”སྒྲོམ་གཞིའི་འོག་གི་བྱེད་སྒོ་ཁག་200ཡི་ཆ་ཤས་ཤིག་ཀྱང་ཡིན་ཞིང་། འདི་ནི་ཟླ་7ཚེས་6ཉིན། ཀྲུང་ཨུའི་རོལ་དབྱངས་མཁས་ཅན་ཚོས་རོལ་དབྱངས་འདུ་ཚོགས་ཐོག་མཉམ་དུ་རོལ་ཆ་དཀྲོལ་བཞིན་ཡོད་པ།