འཚོ་བཅུད་ནི་མིའི་རིགས་དང་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་མེད་དུ་མི་རུང་བ་ཞིག་རེད་ལ་གལ་ཏེ་འཚོ་བཅུད་མི་འདང་ཚེ་ནད་རྟགས་ཀྱང་སྣ་ཚོགས་ཐོན་གྱི་ཡོད་པས་འཚོ་བཅུད་ཁ་གསབ་བྱེད་རྒྱུར་དོ་སྣང་བྱེད་དགོས།
1.འཚོ་བཅུད་ཀ་པ་མི་འདང་ཚེ་ཤ་པགས་རྩུབ་ཅིང་སྐམ་ཤས་ཆེ་བ་དང་། དབུགས་ལམ་ལ་གཉན་ཚད་རྒྱས་པ། མིག་སྐམ་ཤས་ཆེ་བ། འོད་མི་བཟོད་པ། མིག་ཆུ་ཤོར་བ། མིག་ཤེད་རིམ་བཞིན་རབ་རིབ་ཏུ་གྱུར་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།
2.འཚོ་བཅུད་ཁ་པ་དང་པོ་མི་འདང་ཚེ་ལྟོ་འཇུ་དཀའ་བ་དང་ངོ་མདོག་སྐྱོ་བ། སྐབས་འགར་རྐང་ལག་སྦྲིད་པ་དང་དབང་རྩའི་ནད་སོགས་ཀྱི་ནད་རྟགས་ཐོན་སྲིད།
3.འཚོ་བཅུད་ཁ་པ་གཉིས་པ་མི་འདང་ཚེ་ཁ་ལ་དྲི་ངན་ཁ་བ་དང་། གཉིད་མི་ཁུག་པ། མགོ་ན་བ། དབང་རྩ་ཉམས་པ་བཅས་ཀྱི་ནད་རྟགས་ཐོན་གྱི་ཡོད།
4.འཚོ་བཅུད་ཁ་པ་བཅུ་གཉིས་པ་མི་འདང་ཚེ་ཤ་པགས་ཀྱི་ཁྲག་མདོག་ཉམས་པ་དང་། སྐྲ་མདོག་སེར་ལ་ཉུང་བ། དབང་རྩ་སྐྱོན་ཤོར་བ། ལྟོའི་དང་ཁ་མེད་པ། སྐྱུག་ལྡང་བྱེད་པ། བཤལ་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།
5.འཚོ་བཅུད་ང་པ་མི་འདང་ཚེ་མགོ་ནས་རྔུལ་ཆུ་དོན་པ་དང་བྱིས་པར་རུས་མཉེན་ནད་ཕོག་སླ་བ་དང་དར་མའི་རུས་པ་མཉེན་པོར་འགྱུར་པ་སོགས་ཀྱི་ནད་རྟགས་ཐོན་སྲིད་པས་སྣང་ཚུལ་དེ་རིགས་ལ་བརྟག་ཞིབ་དང་སྦྲགས་འཚོ་བཅུད་ཁ་སྣོན་བྱེད་དགོས།