དབུ་ཤོག>གསར་འགྱུར།
  • ​ གཞི་རིམ་དང་ཞིང་འབྲོག་ཁུལ་དུ་བོད་སྐྱོར་མ་དངུལ་84%བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-10

    གསར་འགོད་པ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་གྲོང་ཚོར་འབྱོར་སྐབས། ལོ་67ལ་སླེབས་པའི་འབྲོག་པ་པ་སངས་ཀྱིས་བ་ཚང་ནང་ལྕི་བ་སྒྲུག་བཞིན་མཆིས།

    བ་གླང་སྐོར་གླེང་སྐབས་ཁོང་གིས་གསར་འགོད་པར་སྔོན་ཆད“ནས་མུའུ་ཁ་ཤས་བཏབ་ནས་ལོར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ལས་ཡོང་གི་མེད། ད་ཆ་གཟན་རྩྭ་བཏབ་པའི་ཁར་རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་གསོ་ཚགས་བྱས་སྟབས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཁ་ཤས་ཡོང་གི་འདུག”ཅེས་སེམས་འགུལ་ཐེབས་པའི་ངང་བཤད།

    ཧུའུ་པེ་ཞིང་ཆེན་འབྲོག་ལས་ཅུས་ཀྱི་བོད་སྐྱོར་ལས་བྱེད་པ་ཀྲང་ཆུང་ཧྭ་ཡིས་གསར་འགོད་པར་འགྱུར་ལྡོག་དེ་འདྲ་བྱུང་བའི་སྐོར་གླེང་སྐབས། དེ་སྔ་ས་ཆ་དེ་གའི་བཞོན་མའི་གཟུགས་སྟོབས་ཆེ་བ་དང་སྐྱེ་སྤེལ་ནུས་པ་ཞན་ལ་འོ་མ་ཐོན་ཚད་མཐོ་པོ་མེད་པས་ཧུའུ་པེའི་ཞིང་འབྲོག་རིགས་གཅིག་མཁས་ཅན་གྱིས་ས་ཆ་དེ་གའི་བཞོན་མ་དང་ཧུའུ་པེའི་རྒྱུད་བཟང་གླང་རྒྱུད་འདྲེས་བྱས་པས་རྒྱུད་པ་ལེགས་སུ་ཕྱིན་ནས་གཟུགས་པོ་ཆུང་དུ་ཕྱིན་པ་དང་འོ་མ་ཆེས་ཆེར་མང་དུ་ཕྱིན་སྟབས། ལྷོ་ཁ་ས་ཁུལ་གྱི་འབྲོག་པ་70%ཡན་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་ཅེས་བཤད་པ་རེད།

    ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་ཁེ་ཏུང་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཕན་ལོ་ཤས་རིང་ཧུའུ་པེ་ཞིང་ཆེན་གྱིས་བོད་སྐྱོར་བླང་བྱ་གསར་པའི་འོག“གནད་སྨིན་བོད་སྐྱོར”གྱི་འདུ་ཤེས་བཏོན་ནས་བོད་སྐྱོར་མ་དངུལ་དེ་གཞི་རིམ་དང་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ནས་བོད་ཀྱི་དོན་དངོས་དང་འཚམ་ལ་ཕན་འབྲས་མངོན་གསལ་དོད་པའི་གནད་སྨིན་བོད་སྐྱོར་བྱེད་སྟངས་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད།

    དམངས་ལ་དགོས་མཁོ་འདྲི་བ་དང་བསམ་ཕྱོགས་ལེགས་སུ་གཏོང་རྒྱུ་དེ་གནད་སྨིན་བོད་སྐྱོར་གྱི་ལས་དོན་གལ་ཆེན་ཨང་དང་པོ་དེ་ཡིན་ཞིང་། ཁེ་ཏུང་ཧའེ་ཡིས་ཧུའུ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་བོད་དུ་སླེབས་རྗེས་དང་ཐོག་བརྟག་ཞིབ་གཏིང་ཟབ་བྱས་ཏེ་དངོས་ཡོད་ཀྱི་དགོས་མཁོ་གང་ཡོད་མེད་བཙལ་བ་དང་ལས་ཀའི་བསམ་ཕྱོགས་བཟོས་པ་དེས་ལོ་གསུམ་གྱི་ལས་འགན་ཁ་གསལ་བྱུང་ཡོད་ལ་ཁག་བདུན་པ་དང་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་དབར་ལས་དོན་རྩིས་སྤྲོད་རྩིས་ལེན་བྱེད་སྐབས་མཐུན་སྦྱོར་ཡག་པོ་ཐུབ་པའི་འགན་ལེན་ཐུབ་ཡོད་པ་རེད།

    ལྷོ་ཁའི་ཧྲི་ཀྲང་ཕུར་བུ་དོན་གྲུབ་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་ལོ་དེ་དག་རིང་ལྷོ་ཁར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་ད་དུང་ནང་ས་དང་བསྡུར་ན་ཧེ་བག་ཧ་ཅང་ཆེན་པོ་ཡོད། བོད་ལྗོངས་ལྷོ་ཁའི་རྣམ་པར་འགྱུར་ལྡོག་གཏོང་བའི་གཞི་རྩ་ནི་ཤེས་ལྡན་པ་དང་ཐོན་ལས་ལ་ཐུག་ཡོད། ཧུའུ་པེའི་རོགས་སྐྱོར་ལས་དོན་རུ་ཁག་གིས་ཐོན་ལས་བོད་སྐྱོར་མངོན་གསལ་དོད་པོ་ཡོང་བ་བྱས་པས། “གཞན་རྟེན”དང“རང་རྟེན”གཉིས་ཀ་ཐུབ་ཡོད། དེ་དང་དུས་མཚུངས་རིག་སྟོབས་བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་དཔེ་སྟོན་སྐུལ་ཁྲིད་དང་སྣེ་ཁྲིད་ནུས་པ་ཐོན་ཡོད་ཅེས་བཤད་པ་རེད།

    ཕུར་བུ་དོན་གྲུབ་ཀྱིས་བསྔགས་བརྗོད་དེ་ལྟ་བུ་བྱེད་པར་གཞི་འཛིན་སའི་གྲངས་གཞི་ཡོད་པ་སྟེ། ལོ་གསུམ་རིང་ཧུའུ་པེའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཁྱོན་ཁེ་ལས་15ནང་འདྲེན་བྱས་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་47.99ཟིན་པ་དེ་ཉི་གློག་དང་། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ཟོག་ལས་སྣོན། དྭངས་གཙང་ཆུ་སོགས་བོད་ཀྱི་ཁྱད་ལྡན་ཐོན་ལས་མང་པོ་དང་འབྲེལ་བ་ཡོད་པ་དང་། ནང་འདྲེན་བྱས་པའི་ཧུའུ་པེའི་ཁེ་ལས་ནང་མི་5000ལྷག་ཙམ་ལས་ཀར་ཞུགས་ཐུབ་ནས་ཁྱིམ་ཚང་དབུལ་པོ་1000ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྦས་སྣ་གྲོང་ཚོའི་ལོ་47ལ་སླེབས་པའི་གྲོང་མི་ཕུར་བུ་སྒྲོལ་མས་གྲོང་ཁྱེར་ནང་གི་ལས་བྱེད་པ་དང་འདྲ་བར་བོད་ལྗོངས་ཐེན་མེའོ་སྨན་རྩྭ་མཱ་ཁ་འདེབས་འཛུགས་རྟེན་གཞིར་དུས་ཐོག་ཏུ་ཡོང་ནས་ཉིན་གཅིག་གི་ལས་ཀ་བྱེད་འགོ་བཙུགས།

    དེ་ཡང་ཧུའུ་པེས་རོགས་སྐྱོར་བྱས་པའི་རྣམ་གྲངས་ཤིག་ཡིན་ཞིང་། བོད་ལྗོངས་ཐེན་མེའོ་སྐྱེ་དངོས་ཚན་རྩལ་ཀུང་སི་ནི་ཧུའུ་པེ་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུགས་མ་འདྲེན་བྱས་པའི་སྨན་རྩྭ་མཱ་ཁ་འདེབས་འཛུགས་དང་ལས་སྣོན་ཞིབ་ཚགས་བྱ་ཡུལ་ཞིག་རེད། ཕུར་བུ་སྒྲོལ་མས་གསར་འགོད་པར་རང་ཁྱིམ་གྱི་ས་ཞིང་མུའུ་2དེ་རྟེན་གཞིར་བོགས་མར་བཏང་བ་ཡིན། རང་ཉིད་རྟེན་གཞིའི་རྩྭ་ངན་འགོག་མཁན་ཞིག་ཡིན། “ས་ཞིང་བོགས་མར་བཏང་བའི་མུའུ་རེ་ནས་སྒོར་1300རག་པ་ཕུད་ད་དུང་ཉིན་གཅིག་གི་ལས་ཀ་བྱས་པའི་གླ་ཆ་སྒོར་90ལེན་རྒྱུ་འདུག་པས་སྔོན་ཆད་ཁྱིམ་དུ་ཞིང་ཁ་འདེབས་པ་ལས་ལྡབ་ཁ་ཤས་ཀྱིས་ཡག་པ་འདུག”ཅེས་བཤད།

    གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་དུ་བཅར་འདྲི་བྱེད་རིང་ཧུའུ་པེའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཕུགས་ཀྱི་བསམ་བློ་གཏོང་ཕྱོགས་མཐའ་འཁྱོངས་ཀྱིས་བོད་སྐྱོར་ལས་དོན་འཆར་གཞི་འགོད་བཞིན་འདུག་ལ། རྨང་གཞི་འདིང་བ་དང་། ཕུགས་ལ་བསམ་གཞིག་བྱེད་པ། དམངས་འཚོར་ཕན་པ་འདོགས་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་ཐོག་དངུལ་ཕྲན་བུ་སྤྲོད་པ་དང་། མི་ཁ་ཤས་གཏོང་བ། ལས་དོན་ཁ་ཤས་སྒྲུབ་པ་བཅས་ཀྱི་སྔོན་ཆད་བོད་སྐྱོར་ལས་ཀའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་ལྡོག་བཏང་ནས་བོད་སྐྱོར་ལས་དོན་གནད་ལ་འཁེལ་པོ་བྱེད་པ་དང་ལྷག་པར་དུ་དམངས་འཚོའི་དགོས་མཁོ་དེ་བས་མངོན་གསལ་དོད་དུ་བཏང་ནས་མི་རིགས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ཐོག་ཞན་ཆ་གསབ་པའི་ཐད་ཤུགས་གནད་དུ་སྨིན་པ་རྒྱག་བཞིན་འདུག

    ཁེ་ཏུང་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་རྣམ་གྲངས་ཁྱབ་མི་ཐུབ་པ་དང་། ས་གནས་ནོར་སྲིད་ཀྱིས་ཐག་གཅོད་མི་ཐུབ་པ། གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ཁ་ཚ་དགོས་གཏུགས་ཡིན་པ་བཅས་ཀྱི་དཀའ་གནད་ལས་དོན་རུ་ཁག་གིས་གོང་རིམ་ལ་ཧུར་ཐག་ངང་ཤོད་པ་དང་། བརྩོན་ལེན་བྱེད་པ། གཙོ་གནད་དུ་གཟིགས་སྐྱོང་བཅས་བྱེད་ཅིང་། ལོ་གསུམ་རིང་ཧུའུ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་གྱིས་ཁྱོན་འཆར་འགོད་ནང་གི་མ་དངུལ་སྒོར་དུང་ཕྱུར་2.945བཀོད་སྒྲིག་བྱས་ཏེ་རྣམ་གྲངས་37ལག་བསྟར་བྱས་པར་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་གཟིགས་སྐྱོང་བྱེད་ཚད་84%ཟིན་ཡོད།

    ཐོན་ལས་འཕེལ་རྒྱས་གཏོང་དགོས་ན། ཤེས་ལྡན་པ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། ངོ་སྤྲོད་བྱས་པར་གཞིགས་ན། ལོ་གསུམ་རིང་ཧུའུ་པེས་དུས་ཐུང་བོད་སྐྱོར་གྱི་ཆེད་ལས་ལག་རྩལ་མི་སྣ་341གདན་དྲངས་པ་དེ་དག་སྨན་བཅོས་འཕྲོད་བསྟེན་དང་། སློབ་གསོ། ཚན་རྩལ། ཞིང་ནགས་འབྲོག་སོགས་ཁྱབ་ཁོངས་ཀྱི་མི་སྣ་རེད། དུས་མཚུངས་ལས་དོན་རུ་ཁག་གིས་ད་དུང་ནང་སའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་མཐུན་སྦྱོར་བྱས་ནས་བོད་དུ་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་རོགས་སྐྱོར་བྱ་ཡུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་མི་སྣ་ནང་སར་ལྟ་སྐོར་སློབ་སྦྱོང་དང་ག་སྦྱར་སྦྱོང་བརྡར་བྱེད་པར་མི་ཐེངས་3300བཏང་བ་རེད།

    གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་མི་དམངས་སྨན་ཁང་དུ་བཅར་འདྲི་བྱེད་སྐབས་སྔོན་ཆད་ས་ཆ་དེ་གའི་སྦྲུམ་མའི་བཟའ་བཏུང་དང་ཕྲུ་གུ་གསོ་བའི་གོམས་གཤིས་ཡག་པོ་མེད་རྐྱེན། ཕྲུ་གུ་དམར་འབྱར་ཤི་ཚད་ཧ་ཅང་མཐོ་པོ་ཡོད་པ་རེད། 2013ལོ་ནས་བཟུང་དབྱི་ཁྲང་ནས་ཡིན་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལུགས་དང་མཐུན་པའི་ངང་ཕྲུ་གུ་གསོ་བ་དང་འཚོ་བཅུད་དོ་སྙོམས་གཙོ་བོར་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བས་རྫོང་དེ་ཡོངས་ཀྱི་མི་1051ལ་ཕན་པ་ཐོབ་པ་ཤེས་རྟོགས་བྱུང་ཡོད།

    ཧུའུ་པེ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཏང་ཙུའི་ཧྲུའུ་ཅི་ལེའོ་དབང་ཁྲུན་གྱིས་མིག་སྔར་ཧུའུ་པེ་ཞིང་ཆེན་གྱིས་བོད་སྐྱོར་བྱེད་སྐབས“ཞིང་ཆེན་གྱིས་ས་ཁུལ་དང་། གྲོང་ཁྱེར་གྱིས་རྫོང་། རྫོང་གིས་ཤང་། སྡེ་ཚན་གྱིས་སྡེ་ཚན”བཅས“རིམ་པ་མང་བ་དང་ཡོངས་ཁྱབ”ཀྱི་བརྒྱུད་རིམ་ལྡན་པའི་བོད་སྐྱོར་བྱེད་སྟངས་ཤིག་ཆགས་པ་དང“གནད་སྨིན་བོད་སྐྱོར”གྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་དབུལ་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཟུང་འབྲེལ་ཡག་པོ་བྱས་པས་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་དབུལ་སྒྲོལ་རྨང་གཞི་བརྟན་དུ་ཕྱིན་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།