དབུ་ཤོག>གསར་འགྱུར།
  • སྐུ་མགྲོན་མཉམ་དུ་འཛོམས། འཕེལ་རྒྱས་དོན་གཉེར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-09

    ཟླ་བདུན་པའི་གངས་ལྗོངས་ས་མཐོར་ནམ་མཁའ་སྔོ་ཞིང་དྭངས་ལ། ཡུལ་ལྗོངས་ལྷག་པར་མཛེས། ཟླ་7ཚེས་7ཉིན“2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”དུས་བཀག་ལྟར་གནས་མཆོག་ལྷ་སར་འགོ་ཚུགས་པ་རེད།

    མཁའ་རླུང་བཟང་པོར་མགྲོན་པོ་ལས་ཀྱིས་འཁོར། སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་དུ་ལྷ་ས་ཀྲོའུ་ཅི་ཨར་ཁང་གི་ཚོགས་འདུ་ལྟེ་གནས་སུ་སྐུ་མགྲོན་གྱིས་ཁེངས་པ་དང་། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་འབྲེལ་ཡོད་མི་སྣ་དེ་གར་དགའ་སྤྲོ་མཉམ་འཛོམས་བྱས་ནས་མཉམ་དུ་བོད་ཀྱི་འཕེལ་རྒྱས་ཀྱི་ཐབས་ཇུས་གླེང་བ་དང་བོད་ཀྱི་འཕེལ་རྒྱས་བྱ་ཐབས་ཇུས་འགོད་བྱེད་བཞིན་མཆིས།

    གླེང་སྟེགས་ཐོག“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”སོགས་ཐ་སྙད་ཀྱིས་མི་རྣམས་ཀྱི་སྤྲོ་སེམས་ཀྱི་དབང་རྩ་འཕེལ་བར་བྱས་ཤིང་། རྒྱལ་སྤྱི་ཅན་གྱི་སྤེལ་རེས་སྟེགས་བུའི་ཐོག་རྒྱལ་ཁབ་དང་། ས་ཁུལ། གདོང་མདོག་བཅས་མི་འདྲ་བའི་འཐུས་མི་ཚོའི་རང་རང་གི་ལྟ་བ་དང་བསམ་བློ་མི་འདྲ་བ་ལས་བློ་གྲོས་ཀྱི་རྣམ་པ་མི་འདྲ་བ་ཞིག་མངོན།

    ཨེ་ཅེབ་ཀྱི་ཚོགས་ཞུགས་འཐུས་མི་ཨེ་ཅེབ་མིང་ཡ་སློབ་ཆེན་སྐད་ཡིག་སློབ་གླིང་རྒྱ་ཡིག་ཚན་ཁག་གི་འབུམ་རམས་པ་ཅིན་ཧའོ་ཐན་གྱིས་སྐུ་མགྲོན་ཚང་མའི་གཏམ་བཤད་ནན་ཏན་ངང་ཉན་པ་དང་འབྲེལ་སྐབས་སྐབས་སུ་དེབ་ཐོག་ཟིན་བྲིས་རྒྱག་བཞིན་འདུག བོད་དུ་མ་སླེབས་གོང་། བོད་ལ་བརྩེ་སེམས་ཟབ་མོ་བཅངས་མཁན་ལོ་ཙཱ་བ་རིགས་གཅིག་མཁས་ཅན་དེས་མཚོ་བོད་ས་མཐོའི་མི་དང་རང་བྱུང་ཁམས་དབར་གྱི་ཞི་མཐུན་མཉམ་གནས་སྐོར་མཚོན་པའི་བརྙན་འཕྲིན་དངོས་གཞིའི་གློག་བརྙན་ཆེ་གྲས《འཛམ་གླིང་གི་སྣེ་གསུམ་པ》ཞེས་པ་དེ་སྒྱུར་ཟིན་མ་ཐག་ཡིན་པ་རེད།

    “དངོས་གཞིའི་གློག་བརྙན་དེ་བདེན་པ་བདེན་ཐུབ་དང་གྲུབ་འབྲས་ཐོབ་པའི་ངང་པར་ལེན་བྱས་ཡོད། གློག་བརྙན་དེ་ཐོག་ནས་རང་ཉིད་བོད་ལ་སླེབས་པ་ལྟར་གྱི་མྱོང་ཚོར་ཡོང་གི་འདུག་ལ། བོད་ཀྱི་གཏམ་རྒྱུད་ངོ་མ་དེའང་མིག་མཐོང་ལག་ཟིན་ཐུབ་པ་ལྟར་བྱུང”ཞེས་བརྗོད་ཅིང་།《འཛམ་གླིང་གི་སྣེ་གསུམ་པ》ཞེས་པའི་དངོས་གཞིའི་གློག་བརྙན་དེའི་སྐོར་གླེང་སྐབས་ཅིན་ཧའོ་ཐན་གྱིས“བོད་དུ་སླེབས་རྗེས་ངས་ཚོགས་པ་དང་མཉམ་དུ་ལྟ་སྐོར་ཉིན་གསུམ་བྱས་པ་དང་། ཞིང་དུད་ལ་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པ། གནད་སྨིན་དབུལ་སྐྱོར་གྱི་ས་ཚིགས་ལ་ལྟ་སྐོར་བཅས་བྱས་པས། མི་རིགས་མི་འདྲ་བའི་དབར་མཐུན་སྒྲིལ་རོགས་རེས་དང་འཆམ་མཐུན་མཉམ་གནས་ཡོད་པ་མཐོང་བྱུང་། དེང་རབས་ཅན་གྱི་ཁེ་ལས་དང་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་མཐོང་སྐབས། ང་ལ་སེམས་འགུལ་ཟབ་མོ་ཐེབས་བྱུང”ཞེས་བཤད།

    ད་ཐེངས་བོད་དུ་སླེབས་རྗེས། ཅིན་ཧའོ་ཐན་གྱིས་མི་རྣམས་ལ་དེང་རབས་ཀྱི་བོད་ལྗོངས་ངོ་སྤྲོད་བྱེད་པའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན། “《འཛམ་གླིང་གི་སྣེ་གསུམ་པ》ཡིག་སྒྱུར་ནི་འགོ་བཙུགས་པ་ཙམ་ཞིག་ཡིན། སླད་ཕྱིན་ངས་བོད་ཀྱི་འཕེལ་རྒྱས་དང་འབྲེལ་བའི་བརྩམས་ཆོས་དེ་བས་མང་པོ་ཡིག་སྒྱུར་བྱས་ནས། མི་དེ་བས་མང་པོས་དོན་དམ་པའི་བོད་ཅིག་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་འབྲེལ་གངས་ལྗོངས་ཀྱི་འཛམ་གླིང་ཡང་རྩེའི་བློ་གྲོས་འཛམ་གླིང་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན”ཞེས་ཅིན་ཧའོ་ཐན་གྱིས་དེ་ལྟར་བཤད།

    “རྩོམ་པ་པོ་ཞིག་གི་ངོས་ནས་ང་རྩོམ་འབྲི་རྒྱུར་གོམས་པ་ལས། གཏམ་བཤད་བྱེད་རྒྱུར་དེ་ཙམ་མཁས་པོ་མེད”ཅེས་ཧྥ་རན་སེའི་རྩོམ་པ་པོ་སུའོ་ཉི་ཡ་·པུའུ་ལེ་སི་ལེས་བསྟན་བཤིག་དང་བཅས་འགོ་བརྗོད་གཏམ་བརྗོད་གནང་སྐབས། ཚོགས་ར་ཡོངས་སུ་དགོད་སྒྲས་ཁེངས། དེ་ནི་སུའོ་ཉི་ཡ་·པུའུ་ལེ་སི་ལེས་བོད་དུ་ཡོང་ཐེངས་གསུམ་པ་དེ་ཡིན། “བོད་ལ་ཡོང་རིམ་བཞིན། འགྱུར་ལྡོག་གསར་པ་མཐོང་རྒྱུ་འདུག དོན་དམ་པའི་བོད་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་བོད་ཅིག་རེད”ཅེས་སུའོ་ཉི་ཡ་·པུའུ་ལེ་སི་ལེས་དེ་ལྟར་བཤད།

    སུའོ་ཉི་ཡ་·པུའུ་ལེ་སི་ལེས་ནུབ་ཕྱོགས་པས་བོད་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་སྐབས་རྟག་ཏུ་ནུབ་ཕྱོགས་རིག་གནས་ཀྱི་ལྟ་སྟངས་ནས་བོད་ལ་ལྟ་ཞིབ་བྱེད་པར་གོམས་ཡོད། “ལྟ་སྟངས་དེ་རིགས་ནི་ཧ་ཅང་གུ་དོག་པོ”ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག པུའུ་ལེ་སི་ལེས་ནུབ་ཕྱོགས་བའི་སེམས་ནང་གི་བོད་ནི་བཀག་སྡོམ་ཞིག་ཏུ་ངོས་འཛིན་གྱི་ཡོད། དོན་དངོས་ཐོག་བོད་ཀྱིས་ལོ་དེ་དག་ནང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་རིགས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ། བོད་ཀྱི་རིག་གནས་ལ་སྲུང་སྐྱོང་བྱེད་པ་སོགས་ཐད་བསྔགས་འོས་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད། སུའོ་ཉི་ཡ་·པུའུ་ལེ་སི་ལེས་ངས་རྗེས་སུ་ཀློག་པ་པོར་ཕྱོགས་ཡོངས་དང་། དོན་དམ་པ། སྒོ་དབྱེ། འཕེལ་རྒྱས་བཅས་ལྡན་པའི་བོད་ལྗོངས་ཤིག་ངོ་སྤྲོད་བྱས་ནས་ནུབ་ཕྱོགས་བ་དེ་བས་མང་པོས་བོད་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

    “འཛམ་གླིང་རིག་གནས་ཀྱི་འབྲེལ་མཚམས་གནས་ཤིག་ཡིན་པའི་བོད་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱས་པ་དང་ཆབས་ཅིག་གྲུབ་འབྲས་ཐོབ་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་བྱུང་ཡོད། དེ་ནི་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་ལ། འཛམ་གླིང་གི་མིག་དཔེ་ཞིག་ཀྱང་ཡིན”ཞེས་སི་ཕེན་ཧུའུ་ཨན·ཁ་ལུའོ་སིའི་རྒྱལ་པོའི་སློབ་ཆེན་ཆབ་སྲིད་སྤྱི་ཚོགས་རིག་པའི་དགེ་རྒན་ཆེ་མོ་ཏེ་ལོ་·ཅ་ཤིས་ཡ་·པིའར་པ་ཨེ་ཡི་ཤིས་ཚིག་ནང་དེ་ལྟར་བརྗོད་ཡོད།

    “ང་ད་ཐེངས་བོད་དུ་ཡོང་རིང་དགའ་སྣང་ཆེ་ཤོས་བྱུང་བ་ནི་བོད་འཕེལ་རྒྱས་ཇི་འདྲ་ཕྱིན་པ་དང་།བོད་ཀྱི་འཕེལ་རྒྱས་གཏོང་བའི་ཉམས་མྱོང་དེ་ནི་ཀྲེ་རི་ཡ་འཕེལ་རྒྱས་གཏོང་བར་དཔྱད་གཞིར་འཛིན་རྒྱུ་དེ་ཡིན”ཞེས་ནི་ཀྲེ་རི་ཡའི་མཁས་དབང་ཧྭ་རུ་ན་·ཨན་ཁུའུ་པུ་ཡིས“ད་ཐེངས་ཀྱི་ལྟ་སྐོར་དང་འཚམས་འདྲི་བྱེད་སྐབས་ངས་རྨང་གཞིའི་སྒྲིག་བཀོད་དང་ལྟ་ན་སྡུག་པའི་བཟོ་སྐྲུན་མང་པོ་མཐོང་བྱུང་། སྲིད་གཞུང་གིས་གྲོང་མིའི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་རྒྱུའི་ཐད་འབད་བརྩོན་ཆེན་པོ་བྱས་པ་མཐོང་བྱུང་ལ། བོད་ཀྱི་མི་དམངས་བདེ་སྐྱིད་ལྡན་པ་ཞིག་ཡོད་པ་མྱོང་ཚོར་ཆེན་པོ་བྱུང”ཞེས་བཤད།

    “གླེང་སྟེགས་ཀྱིས་ང་ཚོར་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་ཞིག་སྤྲད་བྱུང་། བོད་འཕེལ་རྒྱས་ཕྱིན་པ་ནི་དངོས་གནས་དྲང་གནས་ཡིན་པས་མི་མང་པོར་ཤེས་སུ་འཇུག་དགོས”ཞེས་རྒྱ་གར་གྱི《འབོམ་འབེལ་བང་ཆེན་ཚགས་པར》གྱི་གསར་འགོད་པ་མི་ཝ་ཐི་ཡིས་བཤད།

    ཀྲུང་གོའི་བོད་ལྗོངས་ནི་ལོ་རྒྱུས་ཐོག“གནའ་བོའི་ལྷོ་ཕྱོགས་ཀྱི་དར་གོས་ལམ་བུ”དང“ཐང་བོད་གནའ་ལམ”“ཇ་རྟའི་ཚོང་ལམ”བཅས་ནང་ཞུགས་མཁན་གལ་ཆེན་ཞིག་ཡིན་པའི་ངོས་ནས་བརྗོད་ན་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་བསྐྱོད་པའི་སྒོ་མོ་གལ་ཆེན་ཞིག་ཡིན། གླེང་སྟེགས་ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོས་བོད“རྒྱུད་གཅིག་ལམ་གཅིག”ནང་ཞུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་རང་ཉིད་ཀྱི་ལྟ་བ་དང་གྲོས་འགོ་བཏོན་པ་རེད། དབྱིན་ཇི་ནས་ཡིན་པའི་ཨན་ཏེ་ལུའུ·མུ་ཏི་ཡིས“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་བསམ་བཀོད་གཞིར་བཟུང་འཛམ་གླིང་གི་ས་ཁུལ་གཞན་དག་དང་སྦྲེལ་མཐུད་ཟབ་མོ་བྱས་ནས་ཉོ་ཚོང་དང་མ་འཇོག་བྱེད་ཚད་དེ་བས་མང་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་། བོད་འདི་ཉིད་ཀྱིས་ཀྱང་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ད་ཡོད་སྲིད་ཇུས་ཀྱི“ཞོར་འཁོར”ནང་བསྡད་དེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་གཏོང་རྒྱུ་རེད་ཅེས་བཤད།

    “དེ་གར་ཞུགས་པའི་གྲོགས་པོ་རྣམས་ཀྱིས་གང་བསམ་ལྷུག་གླེང་བྱས་ནས་ཀྲུང་གོའི་བོད་ཀྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་ལྟ་བ་ཡང་དག་བརྗོད་དེ་གླེང་སྟེགས་དེ་གྲུབ་འབྲས་ཆེ་བ་དང་མཉམ་ལས་གཉིས་ཕན་གྱི་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་གླེང་སྟེགས་ཤིག་ཏུ་གཉེར་རྒྱུར་སྙིང་དབུས་ནས་རེ་བ་བྱེད་ཀྱི་ཡོད”ཅེས་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཚུའེ་ཡུས་དབྱིང་གི་གསུངས།

    མང་པོ་གཅིག་ཏུ་སྒྲིལ་ཚེ་བྱ་གཞག་གྲུབ། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ནི་གླེང་སྟེགས་གཉེར་བའི་འགན་འཁྲི་ཡིན་ལ་ང་ཚོ་ཚང་མའི་རེ་སྒུག་ཀྱང་ཡིན། རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ཐབས་ཇུས་བཀོད་པ་ལག་བསྟར་བྱས་པ་དེ་བོད་སྔར་བས་སྒོ་དབྱེ་བྱ་རྒྱུར་ཐོབ་དཀའ་བའི་གོ་སྐབས་དང་རྨང་གཞིའི་ཆ་རྐྱེན་སྐྲུན་པ་མ་ཟད། ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་བགྲོད་ལམ་གལ་ཆེན་བསྐྲུན་མགྱོགས་སུ་བཏང་བ་དང་། དེ་ནི་བོད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། དེང་རབས་ཅན་མངོན་འགྱུར་བྱེད་པའི་ལྡོག་མེད་འཕེལ་ཕྱོགས་ཡིན་པས་དུས་སྐབས་བཟང་པོ་ཞིག་འཁེལ་ཡོད། མི་ཚོས་འབྱུང་འགྱུར་བོད་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།