
འདི་ནི་ནག་ཆུ་ས་ཁུལ་ལྷ་རི་རྫོང་རྒྱལ་ཁྲལ་ཅུས་ཀྱི་ལས་དོན་མི་སྣས་ཁྲལ་གཉེར་ཚོམས་ཆེན་དུ་ཁྲལ་འཇལ་མཁན་ལ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་སྐོར་གྱི་སྲིད་ཇུས་འཆད་ཁྲིད་བྱེད་པའི་གནས་ཚུལ་ཡིན་པ།
ཟླ་5ཚེས་1ཉིན་ནས་བཟུང་། བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པས། གནས་ཐང་གི་འཕར་ཁྲལ་དངོས་ཟོག་དང་ཞབས་ཞུའི་ལས་རིགས་ལ་ཁྱོན་ཡོངས་ནས་ཁྱབ་ཐུབ་པ་བྱུང་ཡོད།
ཟླ་5ཚེས་22ཉིན་བར། ལྗོངས་ཡོངས་སུ་ཚོད་ལྟའི་ཁྲལ་འཇལ་མཁན་དུད་ཚང་ཁྱོན་1612ལ་འཛིན་ཤོག་སྤྲད་པའི་ཁྲོད། སྤྱིར་བཏང་ཁྲལ་འཇལ་མཁན་དུད་ཚང་458དང་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་དུད་ཚང་1154ཡོད། གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་513བྲིས་པ་དང་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་དཀྱུས་མ་84229བྲིས་ཡོད། ཁྲལ་བསྡུའི་ལམ་ལུགས་འགྱུར་ལྡོག་བརྟན་པོའི་ངང་བདེ་བླག་བྱུང་ནས་སྒྱུར་བཅོས་ཀྱི་དམིགས་ཚད་སྔོན་དཔག་བཞིན་མངོན་འགྱུར་བྱུང་ཡོད།
འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ།
གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུ་ནི་རྙོག་འཛིང་ཆེ་བའི་མ་ལག་ལས་གྲྭ་ཞིག་ཡིན་པས། ལས་སྒོ་མང་དག་གི་སྲིད་ཇུས་དང་དོན་དངོས་ཀྱི་ལས་ཀ་བྱེད་སྟངས་དང་འབྲེལ་བ་ཡོད་ལ། རང་ལྗོངས་ཀྱི་ཁྲལ་འཇལ་མཁན་ཁྲི་4.3དང་ཡང་འབྲེལ་བ་ཡོད། རྒྱལ་ཁབ་ཀྱིས་རྒྱ་ཆེའི་ཁྲལ་འཇལ་མཁན་ལ་སྤྲད་པའི་སྒྱུར་བཅོས་ཀྱི་ཁེ་སྤོགས་དུས་ཐོག་ཏུ་སྤྲོད་རྒྱུ་འགན་ལེན་བྱེད་ཆེད། རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ཤུགས་ཆེར་བཏང་བ་དང་རིམ་ཁག་གི་འགན་འཁྲི་ནན་ཏུ་གཏོང་རྒྱུར་འབད་བརྩོན་ཆེན་པོ་བྱས་པ་རེད།
གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཆེད་དོན་ལས་དོན་ཚོགས་འདུ་དེ་མ་ཉིད་དུ་འཚོགས་ནས། རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་སྒྱུར་བཅོས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གཙོ་གནད་འགོ་ཁྲིད་ཀྱིས་འགན་གཙོ་བོ་འཁུར་ཐོག་མདུན་ཕྱོགས་ནས་བཀོད་སྒྲིག་བྱེད་པ་དང་། རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་དུས་ཐོག་ཏུ་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལས་འགན་ལ་ཞིབ་ཕྲའི་དབྱེ་ཞིབ་དང་རིམ་པ་བཞིན་དོན་འཁྱོལ་བྱས་ནས་རྨང་གཞི་ཁག་རིམ་པས་བརྟན་དུ་བཏང་བ་རེད།
གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ལྷུ་ཚིགས་ཁག་དང་སྡེ་ཚན་ཁག་གི་ལས་དོན་གྲུབ་འབྲས་དཔྱད་ཞིབ་ཀྱི་སྟོན་གྲངས་བཀོད་སྒྲིག་བྱས་པ་དང་། སྒྱུར་བཅོས་དཔྱད་ཞིབ་ཀྱི་ནང་དོན་དང་བླང་བྱ་ཞིབ་ཕྲ་བཟོས་ཏེ་ཆེད་དོན་གྲུབ་འབྲས་དཔྱད་གདེང་ནང་བཅུག་པ་དང་། དུས་ཚིགས་ཁག་ནན་པོ་བྱས་པ་དང་འབྲེལ་འགན་འཁྲི་དང་ལས་ཀའི་ཚད་གཞི་དོན་འཁྱོལ་བྱས་པ་རེད། དེ་དང་དུས་མཚུངས། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ལས་དོན་ལ་དེ་དང་ཕྱོགས་ཡོངས་ནས་ལྟ་བཤེར་བྱས་པ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་6མངགས་ཏེ་རིམ་ཁག་ཁྲལ་དོན་ལས་ཁུངས་སུ་མངོན་ཞིབ་ལྐོག་བཤེར་བྱས་ནས་མཇུག་འབྲས་ཉིན་ལྟར་ཁྱབ་བསྒྲགས་བྱེད་ཀྱི་ཡོད།
ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལངས་གཟུགས་ཁྱོན་ཡོངས་ནས་རྗེས་སྙེག་བྱེད་པ།
ཚགས་པར་དང་། རླུང་འཕྲིན་བརྙན་འཕྲིན། དྲ་བ། 12366ཐད་སྦྲེལ་ཁ་པར། སྐད་འཕྲིན་དང་དཔོད་ཕྲན་སོགས་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བྱས་ནས། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་སྲིད་ཇུས་དང་། 《རྒྱལ་ཡོངས་ཀྱི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཁྲལ་འཇལ་མཁན་ལ་སྤྲིངས་པའི་འཕྲིན་ཡིག་གཅིག》 རྩ་གཉིས་ཨང་རྟགས་ཀྱི“ཨང་རྟགས”ནས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུ་སོགས་དྲིལ་བསྒྲགས་རྒྱ་ཆེན་པོ་བྱས་ཏེ། ཁྲལ་འཇལ་མཁན་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཤེས་རྟོགས་གང་ལེགས་ཐུབ་པ་དང་། སྒྱུར་བཅོས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱས་པ་རེད།
ཁྲལ་དོན་ལས་བྱེད་པར་སྲིད་ཇུས་གསོ་སྦྱོང་ལེགས་པར་བྱས་པའི་རྨང་གཞིའི་ཐོག ལྗོངས་ཡོངས་ཀྱི་ཁྲལ་འཇལ་མཁན་དུད་ཚང་ཁྲི་4ལྷག་ཙམ་ལ་ས་ཁུལ་དང་ལས་རིགས་ཕྱེ་བ་དང་། དུས་བཀག་ཕྱེ་བ་དང་ཁག་ཕྱེ་ནས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་སྲིད་ཇུས་དང་ལས་སྒོའི་བཀོལ་སྤྱོད་གསོ་སྦྱོང་བྱས་ནས་ཁྲལ་མཇལ་མཁན་ཚོས་སྲིད་ཇུས་ཤེས་རྟོགས་དང་བཀོལ་སྤྱོད་རྒྱུས་མངའ་ལོན་རྒྱུའི་འགན་ལེན་བྱས་པ་རེད། མིག་སྔའི་བར་ཁྲལ་མཇལ་མཁན་གྱི་ལས་སྒོའི་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད་པ་རེད།
གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་ཁྲལ་མཇལ་མཁན་ལ་སྲིད་ཇུས་ཀྱིས་མཛུབ་སྟོན་དང་ཆ་འཕྲིན་གྱིས་དྲན་སྐུལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་དུ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཁྲལ་གཉེར་གྱི་ཆེད་འཛུཌ་སྐར་ཁུང་དང་། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་བློ་འདྲི་ཟུར་ཁྲིད་སྐར་ཁུང་གསར་སྣོན་བྱས་ཏེ། 12366ཞབས་ཞུའི་ཐད་སྦྲེལ་ཁ་པར་ཐོག་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་སྒྱུར་བཅོས་ཀྱི་འབྲེལ་ཡོད་གནད་དོན་དང་འགྲེལ་བཤད་རིཌ་100ལྷག་ཙམ་གྲ་སྒྲིག་བྱས་ནས། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཁྲལ་འཇལ་བར་སྲིད་ཇུས་ཀྱི་བློ་འདྲི་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ།
ལས་དོན་ཁག་ལ་སྐུལ་མ་གཏོང་བ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་སྲིད་ཇུས་ཀྱི་ཕན་ནུས་དབྱེ་ཞིབ་དང་། སྲིད་ཇུས་དཔྱད་དཔོག དེ་བཞིན་དྲིལ་བསྒྲཌ་འཆད་འགྲེལ་སོཌ་ལས་དོན་ཧུར་ཐག་བསྒྲུབས་ཡོད་པ་རེད།
གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་འཁོར་སྐྱོད་གནས་ཚུལ་ཤེས་རྟོགས་དང་འཁོར་སྐྱོད་བྱེད་རིང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་ཁྲལ་འཁྲིའི་འགྱུར་ལྡོག་མངོན་གསལ་དོད་པ་དང་ཐུན་མོང་རང་བཞིན་གྱི་གནད་དོན་ལྡན་པར། སྲིད་ཇུས་ཀྱི་ཐད་ནས་གྲོས་གཞི་ལུགས་མཐུན་བཏོན་ཡོད་པ་རེད།
ཁྲལ་དོན་ལམ་ལུགས་སྒྱུར་བཅོས་ཀྱི་སྤྱིའི་འཕེལ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་པ་དང་། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུ་དང་ཁྲལ་དོན་སྒྱུར་བཅོས་ཀྱི་འབྲེལ་བ་དབྱེ་ཞིབ་ནན་ཏན་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲལ་དོན་སྒྲིག་གཞི་སྒྱུར་བཅོས་ཀྱི་སྤྱིའི་བསམ་ཕྱོགས་ཁོང་དུ་ནན་པོ་ཆུད་པ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སྒྱུར་བཅོས་ཀྱི་གཙོ་གནད་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་རྗེས་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཆ་རྐྱེན་བཏོད་ཡོད་པ་རེད།