དབུ་ཤོག>གསར་འགྱུར།
  • “བཟོ་བོའི་སྙིང་སྟོབས”སྤྱད་ནས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-08

    ཟླ་5པའི་ཚེས་1ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། སྲིད་ཇུས་དབྱེ་ཞིབ་དང་ཁྲལ་ཁྲིམས་དྲིལ་བསྒྲགས་སོགས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་པར་ཕན་འབྲས་དངོས་ཐོན་ནས་གནས་ཐང་འཕར་ཁྲལ་དངོས་ཟོག་དང་ཞབས་ཞུའི་ལས་རིགས་ལ་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་བ་རེད།

    སླད་ཕྱིན་ཁྲལ་དོན་ཁོངས་གཏོགས་ཀྱིས“བཟོ་བོའི་སྙིང་སྟོབས”སྤྱད་ནས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཕྱོགས་ཡོངས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ཐོག ལས་དོན་ཞིབ་ཅིང་ཕྲ་ལ་གཏིང་ཟབ་ཏུ་བཏང་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ལ་ལེགས་སྐྱེས་འབུལ་དགོས་པ་སྟེ།

    གཅིག་ནས་ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་རྒྱུ་དེ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མིག་སྔར་སྤེལ་བཞིན་པའི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི“དགོས་མཁོ་འདྲི་བ་དང་། ཞབས་ཞུ་ལེགས་སུ་གཏོང་བ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ཆེད་དོན་བྱེད་སྒོའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲལ་འཇལ་མཁན་གྱི་དགོས་མཁོ་གསེད་བཀྲོལ་ནན་ཏན་བྱས་ནས་ཁྲལ་འཇལ་མཁན་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་དགོས།

    གཉིས་ནས་གཟབ་ཅིང་ནན་ལ་གནད་ལ་སྨིན་པར་བྱ་རྒྱུ་དེ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ལས་སྒོ་གཉེར་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་ཤིང་། ལས་སྒོ་གཉེར་མཁན་གྱིས་སྐར་ཁུང་ལས་སྒོར་སླར་ཡང་གསེད་བཀྲོལ་དང་ཞིབ་ཚགས་སུ་བཏང་སྟེ་ལག་དེབ་རྣམ་པར་བརྟེན་ནས་སྐར་ཁུང་ལས་སྒོའི་བཀོལ་སྤྱོད་སྒྲིག་སྲོལ་བཟོ་དགོས་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁྲལ་འཇལ་རེ་ཞུ་དང་། འཛིན་ཤོག་ལེན་ཉོ། ཁྲལ་དོན་ཐོ་འགོད་སོགས་ལས་སྒོ་སྤེལ་སྟངས་སླར་ཡང་གསོ་སྦྱོང་བྱས་ཏེ་སྐར་ཁུང་མི་སྣའི་ལས་སྒོ་གཉེར་བའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། ཁྲལ་འཇལ་མཁན་གྱི་ཁྱད་ཆོས་རང་བཞིན་དང་རིམ་པ་མཐོ་བའི་ཞབས་ཞུའི་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། སྲིད་ཇུས་ཞབས་ཞུའི་ལས་དོན་གནད་སྨིན་ངང་སྤེལ་བ། ལས་སྒོའི་རྐང་འཛིན་ལས་བྱེད་པ་ཁེ་ལས་སུ་དོ་དམ་རིམ་པ་དང་དེ་བཞིན་ནོར་དོན་ཚོགས་པར་གཅིག་ལ་གཅིག་གཏད་ཀྱི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་གསོ་སྦྱོང་ཟུར་ཁྲིད་བྱ་རྒྱུར་མངགས་པ་བཅས་བྱས་ཏེ་ཁེ་ལས་ཀྱི་ཁྲོད་དུ་ལྷག་པའི་ཁྲལ་འབྲེལ་གྱི་དཀའ་གནད་སེལ་རོགས་ཏན་ཏིག་བྱེད་དགོས།

    གསུམ་ནས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཤིང་། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཁྲལ་འཇལ་མཁན་ལ་ཁྲལ་འབྲེལ་ལས་སྒོ་གཉེར་སྐབས། ཁོང་ཚོར་ཁྲལ་གཉེར་ཕྱོགས་སྟོན་སོགས་དྲིལ་བསྒྲགས་དཔྱད་གཞི་སྤྲོད་དགོས་པ་དང་། ཁྲལ་འཇལ་མཁན་གྱི་གསོ་སྦྱོང་དགོས་མཁོ་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་དགོས་པ། ཁྲལ་གཉེར་ཞབས་ཞུ་ཚོམས་ཆེན་གྱི་གློག་རྡུལ་བརྙན་ཤེལ་དང་གཙོ་ཆེའི་དྲ་ཚུགས་བརྒྱུད་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱས་ནས་ཁྲལ་འཇལ་མཁན་ལ་རང་འགུལ་ངང་སློབ་ཚན་འདེམས་སུ་འཇུག་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།