དབུ་ཤོག>གསར་འགྱུར།
  • ཐོ་འགོད་ཁྲལ་དོན་པས་ལས་སྒོའི་ཞབས་ཞུར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-08

     ཉིན་ཤས་གོང་། བོད་ཀྱི་ཐོ་འགོད་ཁྲལ་དོན་པའི་རུ་ཁག་གིས་ལས་རིགས་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པའི་ཁར། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་དྲིལ་བསྒྲགས་རུ་ཆེན་ནང་རང་འགུལ་ངང་ཞུགས་ནས་ཁྲལ་དོན་པ་5བོད་ལྗོངས་12366ཁྲལ་འཇལ་ཐད་སྦྲེལ་ཞབས་ཞུའི་ཁ་པར་ལས་གནས་ལ་སྔ་རྗེས་སུ་བདམས་ནས་བོད་ཀྱི་ཁྲལ་འཇལ་མཁན་ལ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཐད་འཕྲད་པའི་དཀའ་གནད་དང་། དོགས་གཞི། གླེང་ཆེ་བ་བཅས་ཀྱི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། གཟའ་འཁོར་གཅིག་རིང་བོད་ལྗོངས་12366ཁྲལ་འཇལ་ཐད་སྦྲེལ་ཞབས་ཞུའི་ལས་གནས་ལ་བློ་འདྲིའི་ཁ་པར་800ལྷག་ཙམ་འབྱོར་བའི་ནང་རིགས་གཅིག་མཁས་ཅན་ལ་ཁ་པར་30བརྒྱུད་གཏོང་བྱས་པས། དྲིས་ལན་བརྒྱབ་ཚད་100%ཟིན་པ་དང་། བོད་ལྗོངས་12366ཐད་སྦྲེལ་ཞབས་ཞུའི་མི་སྣས་ས་གནས་ས་ཐོག་ཀྱི་རོགས་སྐྱོབ་ཁ་པར་100ལྷག་ཙམ་དང་ལེན་ཞུས་པས། ཐད་སྦྲེལ་ཞབས་ཞུའི་ལས་ཕྱོད་ཆེ་རུ་བཏང་ཡོད། དུས་མཚུངས། ཁྲལ་དོན་པ་ཚོས་ད་དུང་གཟའ་མཇུག་གི་དུས་ཚོད་སྤྱད་དེ་བོད་ལྗོངས་12366ཐད་སྦྲེལ་ཞབས་ཞུའི་མི་སྣར་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཆེད་དོན་གསོ་སྦྱོང་བྱས་པས། ཁོང་ཚོས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་འབྲེལ་ཡོད་སྲིད་ཇུས་ཁོང་དུ་ཆུད་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག ནུས་པའང་མངོན་གསལ་དོད་པོ་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།