དབུ་ཤོག>གསར་འགྱུར།
  • མཉམ་ཤུགས་ཆགས་པ་བྱས་ཏེ་བོད་སྐྱོར་གྱི་གཞི་ཁྱོན་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲེན་ཀྲི་ཆང་།   |     སྤེལ་དུས།  2016-07-08

    ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པས་བོད་སྐྱོར་ལས་དོན་སྤེལ་ཚུན་རྣམ་གྲངས་བོད་སྐྱོར་དང་། རིག་ནུས་བོད་སྐྱོར། ལག་རྩལ་བོད་སྐྱོར་བཅས་བྱས་པ་ཕུད། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་དང་འདོན་སྤེལ་གང་ལེགས་བྱས་པ་དང་། ལས་ཀ་བྱ་ཡུལ་ཚན་པ་དང་སྤྱི་ཚོགས་ཁེ་ལས་དང་འབྲེལ་གཏུག་བྱས་ཏེ་བོད་སྐྱོར་ལས་དོན་ནང་ཞུགས་པའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་མི་སྣ་དེ་བས་མང་བ་བོད་སྐྱོར་ལས་དོན་ནང་་ཞུགས་ཐུབ་པ་བྱས་ཡོད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་ཕྱོགས་ཡོངས་དང་། ཁྱབ་རྒྱ་ཆེ་བ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཏེ་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་སྲིད་ཇུས་ལེགས་ཆ་དང་། ཐོན་ཁུངས་ལེགས་ཆ། རྗེས་ཐོན་ལེགས་ཆ་བཅས་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཤེས་ལྡན་མི་སྣ་དང་། མ་དངུལ། ལག་རྩལ། ཁྲོམ་རའི་ལེགས་ཆ་བཅས་དང་ཟུང་འབྲེལ་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བོད་སྐྱོར་ལས་དོན་ཁྲོད་ནས་དངོས་དངོས་རྗེན་རྗེན་དང་མིག་མཐོང་ལག་ཟིན་གྱི་དངོས་ཕན་ཐོབ་ཡོད།

    “ཕྱོགས་ཡོངས་དང་། ཁྱབ་རྒྱ་ཆེ་བ། རིམ་པ་མང་བ་བཅས”ལས་བོད་སྐྱོར་གྱི“གཞི་ཁྱོན”མཚོན་ཞིང་། དེས་རྣམ་གྲངས་དང་། ལག་རྩལ། རིག་ནུས་བཅས་ཁོ་ནའམ་ཡང་ན་ཕྱོགས་རྐྱང་པ་ནས་བོད་སྐྱོར་ལས་དོན་སྤེལ་བ་ཙམ་མ་ཡིན་པར། བྱ་ཐབས་དང་བྱེད་ཐབས་མང་པོ་ཕྱོགས་བསྡུས་བཀོལ་སྤྱོད་བྱས་པ་ཞིག་དང་། སྲིད་གཞུང་དང་སྤྱི་ཚོགས་ཟུང་འབྲེལ་དང་། ཚོགས་པ་དང་མི་སྒེར་ཟུང་འབྲེལ། ཕྱི་ནང་ཟུང་འབྲེལ། སྤྱི་འདོམས་དང་སྤྱི་ཡོངས་ལ་ལྟ་རྟོག་དང་ཡུལ་བབ་ལ་བསྟུན་ནས་ལག་ལེན་བསྟར་བ་ཞིག་རེད།

    བོད་སྐྱོར་གྱི“གཞི་ཁྱོན”རྒྱ་ཆེར་ཇི་ལྟར་བཏང་རུང་། བོད་སྐྱོར་ལས་དོན་གྱི་དོན་ལ་བབས་ས“དམངས་འཚོ་ལེགས་གཏོང་ལ་མཐོང་ཆེན་གྱིས་མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་ཐོབ་པ་བྱ་རྒྱུ”དེ་རེད། དེར་བརྟེན་བོད་སྐྱོར་གྱི“གཞི་ཁྱོན”གཏོད་པའི་བརྒྱུད་རིམ་དང་བོད་སྐྱོར་སྟོབས་ཤུགས་ཡག་ཤོས་གྲུབ་པའི་ཁྲོད། སྔར་བཞིན་རྣམ་གྲངས་དང་མ་དངུལ་ཞིང་འབྲོག་ཁུལ་ལ་མང་ཙམ་གཏོང་བ་དང་རྣམ་གྲངས་ཀྱིས་དམངས་འཚོར་གཟིགས་སྐྱོང་བྱེད་པའི་བླང་བྱར་གཞིགས་ཏེ། ཁ་གཏད་བོད་སྐྱོར་ཚན་པ་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཐོག བོད་སྐྱོར་མ་དངུལ་དང་རྣམ་གྲངས་དེ་བས་མང་བ་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་བཀོད་སྒྲིག་བྱས་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྡོད་ཁང་དང་། ནད་གཞི་ལྟ་བ། སློབ་གྲྭར་སྐྱོད་པ། འགྲིམ་འགྲུལ། འཐུང་ཆུ། འཕྲིན་གཏོང་སོགས་ཀྱི་གནད་དོན་གཞི་རྩའི་ཐོག་ཐག་གཅོད་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཡོང་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།