རྒྱ་རྩིས་སྟོན་འབྲིང་ཤིང་མོ་བྱ་ཟླ་ཆེ་བ། ཚེས་2ཡོས་ཀྱི་ལྔ་ཆ་གསུམ་ནས་དབྱར་བར་མའི་རང་སྒང་ཟིན། ནས་ཞིང་ལ་སྙེ་ཐོ་ཚུགས། དབྱར་ཚད་རྒྱས། ཆར་ཆུ་རིམ་བཞིན་འཕེལ་བའི་དུས་དེར་ཆུ་ལོག་སྔོན་འགོག་དང་། ཆུ་བཤང་རྒྱག་རྒྱུར་དོ་སྣང་བྱེད་པ་དང་སྦྲགས་ཕྱི་དྲོ་སེར་བའི་གནོད་འཚེ་མི་འབྱུང་བའི་ཐབས་ལ་འབད་དགོས། ཚེས་6ལ་སྨལ་པོའི་གདོང་ཆར་ཞེས་ཆར་བབས་ན་དབྱར་སྨད་ཞོད་ཆེ། ཚེས་17རྟའི་ལྔ་ཆ་གཅིག་ནས་ཕྱི་ཟླའི་དབུགས་ཐོབ། ཚད་པ་ཆེ་བའི་སྒང་། གངས་སྲུས་འོང་། ཤིང་ཏོག་འགོ་མ་སྨིན། ཆར་སྟོབས་འཕེལ། ཡར་ཀླུང་གཙང་པོ་སོགས་སྐྱེ་ཆུ་རྒྱས་པའི་དུས་འགོ་ཟིན། ཆུ་ལོག་ལ་ཡིད་གཟབ་བྱེད་པ་དང་། ཡུལ་ཐབས་ལ་བརྟེན་ནས་སད་སེར་སྔོན་འགོག་གིས་བརྔ་བསྡུའི་གྲ་སྒྲིག་ལས་ཀ་གཟབ་ནན་བྱ་དགོས།
སྤྱི་ལ་ཟླ་འདིར་འབྱུང་བ་སྙོམས་པས་ཡུལ་སྤྱིར་ཆར་རླུང་འཚུབ་པ་མང་། བྱེ་བྲག་ཚེས་ཤར་ནས་ལྷག་སངས་རྒྱུ་སྐར་ནབས་སོ་དང་རྒྱལ་སྐག་བཅས་ཤར་དང་ལྷོའི་སྐར་མར་སྤྱོད་པས་ཕྱོགས་དེར་སད་སེར་སོགས་ཀྱི་ལོ་དགྲ་མང་། མིག་དམར་དང་སྤེན་པ་རྒྱུ་སྐར་ལྷ་མཚམས་སྟེང་འཁྱོག་འགྲོས་ཀྱིས་གནས་པས་ཐོག་སེར་རྒོད་པའམ་ལྷོ་ནུབ་ཁུལ་དུ་རང་བྱུང་གི་འཚེ་བའི་ངོ་། སྤྱིའི་འབབ་ཚེས་2.4.6.7.10.11.13.16.17.18.21.23.25.29བཅས་ཀྱི་སྐོར་ལ་ཡིན།