དབུ་ཤོག
  • ལ་ཕུག་སྨན་ཡིན་ནད་མང་འཇོམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-06

    ལ་ཕུག་ནི་ཤིན་ཏུ་འབེལ་བའི་རང་རེའི་རྒྱུན་སྤྱོད་ཟས་རིགས་ཤིག་ཡིན་པ་མ་ཟད། ལུས་སྲུང་སྨན་སྦྱོར་ཐད་ལའང་ནུས་པ་ཆེན་པོ་ཡོད་པ་སྟེ། གསོ་བ་རིག་པའི་བཞེད་པ་ལྟར་ན་ལ་ཕུག་གི་རོ་ཚ་ཞིང་ངོ་བོ་དྲོ་བས་ཕོ་བའམ་ལུས་ཀྱི་དྲོད་ཉམས་པ་དང་དབུགས་ལམ་མི་བདེ་བ། སྐད་འགག་པ། ཁ་སྐོམ་པ། མིག་ནད། རྨའི་རིགས། ཐོག་མའི་སྐྲན་ནད། ཆམ་ནད་བཅས་འཇོམས་པར་ཕན་པ་ཆེ། རྒྱུན་དུ་ལ་ཕུག་བཟས་ན་ལྟོ་ཆས་ཟ་བའི་དང་ག་འབྱེད་པ་དང་འཚོ་བཅུད་ཁ་སྣོན་གྱི་ནུས་པ་ཐོན་ཐུབ། ལ་ཕུག་རྗེན་པ་བཙིར་བའི་ཁུ་བ་རྣ་ཅོག་ལ་བྱུག་ན། སྐབས་རེ་རྣ་ཅོག་ནས་སྒྲ་ཐོན་པ་སྔོན་འགོག་དང་རྣ་ནད་སྔོན་འགོག་བྱ་ཐུབ། ལ་ཕུག་བཏུབས་རྗེས་ཚྭ་དང་སྨན་སྣ་གང་ཡང་མ་བླུགས་པར་བཙོས་པའི་ཁུ་བ་ཉིན་ཤས་བསྟུད་མར་བཏུངས་ན་ཆམ་ནད་འགོག་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།