དབུ་ཤོག
  • སློབ་ཆེན་སློབ་ཐོན་སློབ་མས་ཡིད་གཟབ་བྱེད་དགོས་པའི་གནད་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-05

    ཟླ་དྲུག་པའི་ཟླ་དཀྱིལ་དུ་སློབ་ཆེན་སློབ་མ་ཁག་གཅིག་སློབ་གྲྭ་ནས་ཁ་བྲལ་ཏེ་སྤྱི་ཚོགས་ཐོག་སྐྱོད་ཀྱི་ཡོད། དྲ་སྦྲེལ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གདན་ཞུའི་དྲ་ཚིགས་དང་། QQདང་ཐ་ན་སྐད་འཕྲིན་སོགས་ཚང་མ་ལས་ཀ་འཚོལ་མཁན་ཁག་གཅིག་གི་ལས་ཀ་འཚོལ་བའི་ཐབས་ལམ་དུ་གྱུར་ཡོད། སློབ་ཆེན་སློབ་ཐོན་སློབ་མའི་ངོས་ནས་བརྗོད་ན་ཐབས་ལམ་དེ་དག་བརྒྱུད་ལས་ཀ་འཚོལ་བདེ་པོ་ཡོད་མོད། འོན་ཀྱང་ཁ་སྣ་ཚོགས་ལ་གཡར་ནས་གྲོན་དངུལ་བསྡུ་གི་ཡོད་པས་ལས་ཀ་འཚོལ་མཁན་ཚོས་ཡིད་གཟབ་བྱེད་དགོས།

    “ནད་གཞི་ཚབས་ཆེན་ཕོག་སྐབས་སྨན་པར་གདམ་ག་མེད”ཅེས་པ་ལྟར་སློབ་ཆེན་སློབ་མ་མང་དག་ཅིག་འཕྲལ་མར་ལས་ཀ་འཚོལ་དགོས་སྟབས་ལས་ཀ་འཚོལ་བའི་ཐབས་ལམ་སྣ་ཚོགས་ཚོད་ལྟ་བྱེད་ཀྱི་ཡོད། དེ་གོང་བོད་ལྗོངས་ཁྲིམས་ལུགས་ཚགས་པར་ཐོག་ལྷ་སའི་སློབ་ཆེན་ཐོན་ལ་ཉེ་བའི་སློབ་མ་དབང་མོས་སྐད་འཕྲིན་བརྒྱུད་ལས་ཀ་གཅིག་ལྕོགས་ཤིག་འཚོལ་སྐབས་ལས་ཀ་འཚོལ་མ་ཐུབ་པའི་ཁར་དངུལ་སྒོར་300མགོ་སྐོར་ཐེབས་པའི་གྱོད་གཞི་ཞིག་འགོད་མྱོང་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ལས་ཀ་འཚོལ་མཁན་མང་དག་ཅིག་གིས་དྲ་ཐོག་ནས་ལས་ཀ་འཚོལ་སྐབས་མགོ་སྐོར་འོག་ཚུད་མྱོང་བ་མ་ཟད། བྱ་ཐབས་ཀྱང་དབྱེ་བ་དེ་ཙམ་མེད་པར་ཚང་མ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཁྱབ་བསྒྲགས་བྱས་ནས་མིག་དབང་འཕྲོག་ཐུབ་པའི་ལས་ཀ་འཚོལ་བའི་ཆ་འཕྲིན་ཤ་སྟག་རེད། ལས་ཀ་འཚོལ་མཁན་ཚོ་ལས་གནས་ཐོག་མ་བསྐྱོད་གོང་གྲོན་དངུལ་སྣ་ཚོགས་སྤྲོད་དགོས་པའི་རེ་བ་འདོན་གྱི་ཡོད་པ་ཤེས་རྟོགས་བྱུང་།

    སློབ་ཆེན་སློབ་མ་ཁག་གཅིག་ལས་ཀ་འཚོལ་འདོད་ཆེ་བའི་དབང་གིས་ཁྲིམས་འགལ་བའི་གཡོ་འོག་ཏུ་ཚུད་ཀྱི་ཡོད། དྲ་བའི་ཐོག་གི་མགོ་སྐོར་གཏོང་མཁན་ཁག་གཅིག་གིས་ཐོབ་ཐང་དང་གླ་ཕོགས་གྱ་ནོམ་པ་སྤྲོད་པ་དང་ཆ་རྐྱེན་དམའ་བའི་གདན་ཞུས་ལས་ཀ་འཚོལ་མཁན་ཚོའི་ཡིད་དབང་འཕྲོག་ནས་ལས་ཀ་འཚོལ་མཁན་ཚོར་ཆ་འཕྲིན་རེའུ་མིག་རྒྱོང་དུ་བཅུག་པར་མི་སྒེར་གྱི་ཁ་པར་ཨང་གྲངས་ནས་ཁྱིམ་བདག་གི་མིང་དང་སྡོད་གནས་སོགས་ཚང་མ་ཡོད་པས་ཁྲིམས་འགལ་བས་ལས་ཀ་འཚོལ་མཁན་ཚོའི་ཆ་འཕྲིན་ཤེས་རྟོགས་བྱེད་པའམ་ཡང་ན་མགོ་སྐོར་གཏོང་མཁན་ལ་ཐད་ཀར་བཙོངས་ནས་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།