དབུ་ཤོག>གསར་འགྱུར།
  • ལྷ་སར་ཚན་རྩལ་བོད་སྐྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-02

    ཉིན་ཤས་གོང་། 2016ལོའི་ཚན་རྩལ་བོད་སྐྱོར་དང་པེ་ཅིང་དང་བོད་ཀྱི་ལག་རྩལ་སྤོ་སྒྱུར་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག བོད་ཀྱི་ཁེ་ལས་དང་སྒྲིག་གཞི་8ཀྱིས་ཁག་སོ་སོར་པེ་ཅིང་གི་འབྲེལ་ཡོད་སྡེ་ཚན་དང་གན་རྒྱ་བཞག་སྟེ། རང་ས་གནས་ཀྱི་ཚན་རྩལ་དགོས་མཁོར་གཞིགས་ནས་རྒྱལ་སའི་ཚན་རྩལ་གྲུབ་འབྲས་བོད་དུ་སྤོ་སྒྱུར་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    2015ལོའི་ཟླ་9པར། པེ་ཅིང་ལག་རྩལ་ཁྲོམ་རའི་མཐུན་ཚོགས་ལྷ་སའི་ཡན་ལག་སྒྲིག་གཞི་བཙུགས་ཏེ། པེ་ཅིང་དང་ལྷ་སའི་ཚན་རྩལ་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གྱིས་པེ་ཅིང་གི་སྤུས་ལེགས་ཚན་རྩལ་ཐོན་ཁུངས་ལྷ་སར་ནང་འདྲེན་བྱས་པ་རེད། ཉེ་བའི་ལོ་གཅིག་རིང་། ལག་རྩལ་སྤོ་སྒྱུར་སྒྲིག་གཞི་23དང་གན་རྒྱའི་འདོད་བློ་བཞག་ནས། རྒྱང་ཁྲིད་ལག་རྩལ་སྤོ་སྒྱུར་ཞབས་ཞུ་མཁོ་འདོན་གྱི་དྲ་རྒྱ་རགས་ཙམ་ཆགས་པ་དང་། ལྷ་སར་དངོས་སྤྱོད་ལག་རྩལ་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཕྱིར་ཁག་དང་པོའི་ལག་རྩལ་བར་ཁེ་བ་50ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད། གནད་སྨིན་སྦྲེལ་མཐུད་དང་གནད་སྨིན་ཞབས་ཞུ་མངོན་འགྱུར་ཡོང་ཕྱིར། སྒྲིག་གཞི་དེས་ལྷ་ས་དང་ཉིང་ཁྲིའི་ཁེ་ལས་60ལྷག་གི་དགོས་མཁོར་བརྟག་ཞིབ་བྱས་ཏེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱི་རིགས་གཅིག་མཁས་ཅན་ཁག་ཐེངས་5སྒྲིག་འཛུགས་ཀྱིས་བོད་དུ་ས་ཆ་དངོས་ལ་རྟོག་ཞིབ་བྱེད་པར་བསྐྱོད་དེ། ལས་ཡུལ་དངོས་སུ་ཁེ་ལས་ལ་ལག་རྩལ་ཞབས་འདེགས་ཞུས་པ་དང་སྦྲགས། རིག་གནས་བསམ་བཀོད་གསར་གཏོད་དང་ནུས་རྒྱུ་གསར་པ་སོགས་ཞིབ་འཇུག་བྱ་གཞི་7ལ་ཞིབ་འཇུག་བྱས་པའི་ཁྲོད་དུ་མི་རིགས་ལག་ཤེས་བཟོ་རྩལ་ཐད་པེ་ཅིང་ནས་ཇུས་འགོད་དང་ལྷ་སར་གཞི་ཚུགས་པའི་དཔེ་དབྱིབས་ཆགས་པ་རེད། གཞན་ཡང་། སྒྲིག་གཞི་དེས་ད་དུང་ཚན་རྩལ་རྣམ་གྲངས་དགོས་མཁོའི་མཛོད་འཛུགས་སྐྲུན་ལས་ཀ་རགས་ཙམ་གྲུབ་པ་དང་། ལག་རྩལ་སྤོ་སྒྱུར་སྒྲིག་གཞི་དང་ཁེ་ལས་སྦྲེལ་མཐུད་གསོག་འཇོག་རྣམ་གྲངས་ཁག་30ལྷག་མངོན་འགྱུར་བྱུང་ལ། རྣམ་གྲངས་ཁག་15ལ་གན་རྒྱ་བཞག་པ་མ་ཟད། པེ་ཅིང་གི་རྒྱལ་ཁབ་དང་ལག་རྩལ་སྤོ་སྒྱུར་སྒྲིག་གཞི་10ཡིས་ལྷ་སའི་མཐོ་གསར་ཁུལ་གྱི་ཁེ་ལས་བྱ་གཞག་ཚན་པའི་ཤེས་ལྡན་པའི་ལག་རྩལ་སྤོ་སྒྱུར་ལས་དོན་གྱི་འགན་ཡང་འཁུར་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་ཚོགས་ཆེན་ཐོག བོད་ཀྱི་ཁེ་ལས་དང་སྒྲིག་གཞི་8ཀྱིས་ཁག་སོ་སོར་པེ་ཅིང་གི་འབྲེལ་ཡོད་སྡེ་ཚན་དབར་བཟའ་བཅའི་ཤ་མོ་འདེབས་འཛུགས་དང་ལས་སྣོན་ལག་རྩལ་དང་། ནུས་རྒྱུ་གསར་པ་ཕྱོགས་བསྡུས་བེད་སྤྱོད། ཁྱད་ལྡན་ལྷད་མེད་ཐོན་ཟོག་གསར་སྤེལ་སོགས་ཀྱི་གན་རྒྱ་བཞག་པ་མ་ཟད། ས་གནས་ཀྱི་ཚན་རྩལ་དགོས་མཁོར་གཞིགས་ཏེ། རྒྱལ་སའི་ཚན་རྩལ་གྲུབ་འབྲས་བོད་དུ་སྤོ་སྒྱུར་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་ཀྱང་བཏང་བ་རེད། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་ཚན་རྩལ་འཕེལ་རྒྱས་ལྟེ་གནས་སོགས་སྡེ་ཚན་15དང་བོད་ཀྱི་ཁེ་ལས་མང་པོའི་དབར་ལག་རྩལ་གསར་གཏོད་དང་། ཐོན་ཟོག་གསར་སྤེལ། རང་ངོས་ཀྱི་ལེགས་ཆ་གཅིག་སྡུད་ཀྱིས་ཁྲོམ་རའི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་སོགས་ལ་སྤེལ་རེས་དང་སྦྲེལ་མཐུད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།