དབུ་ཤོག
  • ཤི་ཀྭ་པགས་པ་ནི་དབྱར་དུས་བདེ་ཐང་གི་མཆོག་སྨན་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-30

    1. ཟ་འཁྲུག་འཇགས་པ།

    དབྱར་ཁ་ཚ་བ་ཆེ་བའི་སྐབས་རྔུལ་ཆུ་ཐོན་ནས་ཚ་ཐོར་སྐྱེ་བདེ་པོ་ཡོད་པས། དེའི་སྐབས་ཤི་ཀྭ་ཡི་པགས་པ་གཙང་མར་བཀྲུས་རྗེས་ངོས་དཀར་པོ་དེ་ཟ་འཁྲུག་ལངས་སར་འཕུར་ན་གྲང་སིལ་སིལ་གྱི་ཚོར་སྣང་ཡོང་གི་ཡོད། འདི་ལྟར་ཉིན་གསུམ་བསྟུད་མར་འཕུར་ན་ཟ་འཁྲུག་འཇགས་པར་ཕན་ནུས་ཧ་ཅང་ཆེའོ། 

    2. སོའི་ན་ཟུག་འཇགས་པ།  

    ཀྲུང་ལུགས་ཀྱི་ངོས་ནས་བཤད་ན། ཤི་ཀྭ་ཡི་པགས་པས་ཚ་བ་དང་སྐོམ་པ་སོགས་ཀྱི་ནད་རྟགས་བཅོས་ཀྱི་ཡོད། ཤི་ཀྭ་ཡི་པགས་པ་སྐམ་པོ་ཆགས་རྗེས་འཁྱགས་པ་ཏོག་ཙམ་དང་མཉམ་དུ་ན་ཟུག་རྒྱག་སའི་སོའི་ངོས་སུ་འཕུར་ཚེ་ན་ཟུག་འཇོམས་ཐུབ། 

    3. ཁ་སྦུག་སྨུག་པོའི་ནད་བཅོས་ཐུབ་པ།  

    གལ་ཏེ་ཁ་སྦུག་ནང་ཆུ་ཐོར་སྐྱེ་པའམ་ཁ་སྦུག་སྨུག་པོའི་ནད་ཡོད་ན་ཤི་ཀྭ་ཡི་པགས་པ་ཚིག་རིལ་བཏང་ནས་ཞིབ་མོར་བཟོས་རྗེས་ཁའི་ནང་བླུགས་ནས་བསྡད་ན་ཁའི་ནང་གི་རྨ་གསོ་ཐུབ། གཞན་ཡང་རྒྱུན་དུ་ཤི་ཀྭ་པགས་པ་དང་སྲན་མ་མཉམ་དུ་བཀོལ་ནས་ཁུ་བ་དེ་བཏུང་ན་ཚ་བ་མི་རྒྱག་པ་ཡོང་ཐུབ། 

    4. འཚིག་རྨས་སླར་གསོ་ཐུབ་པ།    

    ཤི་ཀྭ་ཡི་པགས་པས་འཚིག་རྨས་བྱུང་བ་བཅོས་ཐུབ་ཀྱི་ཡོད་པ་སྟེ། ཤི་ཀྭ་ཡི་པགས་པ་ལེབ་པོ་སྲབ་པོར་གཏུབ་ནས་པགས་པ་འཚིག་སར་སྦྱར་བ་དང་།  གལ་ཏེ་འཚིག་རྨས་ཀྱི་སྣང་ཚུལ་ཚབས་ཆེ་ཙམ་ཡོད་ན། སྔོན་ལ་ཤི་ཀྭ་ཡི་པགས་པ་འཁྱགས་སྒམ་ནང་གྲང་མོ་ཏོག་ཙམ་བཟོས་ནས་གཟའ་འཁོར་གཅིག་གཡས་གཡོན་དུ་རྒྱུན་འཁྱོངས་བྱས་ནས་སྦྱར་ན་འཚིག་རྨས་ཡོད་སར་མངོན་གསལ་དོད་པའི་ཕན་པ་ཡོད། 

    5. ཚ་གདུག་མི་ཕོག་པའི་སྔོན་འགོག་བྱེད་ཐུབ་པ།   

    དབྱར་ཁ་གནམ་གཤིས་ཚ་བ་ཆེ་བའི་སྐབས་ཕྲུ་གུ་ཕྱི་རུ་རྩེད་མོར་རོལ་པའི་རྗེས་ཚ་གདུག་ཕོག་སླ་བས། མི་རྒན་པས་ཕྱིར་མ་ཐོན་པའི་སྔོན་ནས་ཤི་ཀྭ་ཡི་པགས་པ་གཙང་མར་བཀྲུས་རྗེས་པགས་པ་སྔོན་པོ་སྲབ་པོ་གཏུབ་ཏེ་ཆུའི་ནང་བླུགས་ནས་སྐར་མ་30ཙམ་བསྐོལ་རྗེས་དྭངས་སིབ་ཕྱེ་ནས་དེའི་ནང་བྱེ་མ་ཀ་ར་དང་ཏག་སོམ་ཕྲན་བུ་བླུགས་ཏེ་གྲང་མོ་བཟོས་རྗེས་བཏུང་ན་ཚ་གདུག་མི་ཕོག་པའི་སྔོན་འགོག་བྱེད་ཐུབ། གལ་ཏེ་ཕྲུ་གུ་ཚ་གདུག་ཕོག་པའི་སྐབས་ཤི་ཀྭ་ཡི་པགས་པས་གཟུགས་པོར་ཕུར་ན་ཚ་བ་ལམ་སེང་ཆག་ཐུབ་ཀྱི་ཡོད།  

    6. བཙོག་པ་འགག་པ་བཅོས་ཐུབ་པ།   

    ཤི་ཀྭ་ལ་བཙོག་པ་མི་འགག་པའི་ནུས་པ་ཡོད་པ་སྟེ་ཕྲུ་གུ་བཙོག་པ་འགག་པའི་སྐབས་ཤི་ཀྭ་ཡི་པགས་པ་མཐུག་པོ་དེ་ཁུ་བ་བཟོས་ནས་བཏུང་ན་བཙོག་པ་བཤངས་པའི་ཕན་ནུས་ཡག་པོ་ལྡན། བཙོག་པ་འགག་ནས་དུས་ཚོད་རིང་པོ་ཕྱིན་ཡོད་ན་དེའི་ནང་སྦྲང་རྩི་ཏོག་ཙམ་བླུགས་དགོས། འོན་ཀྱང་རླུང་ཁྲག་ཉམས་པའི་བྱིས་པའི་རིགས་ཀྱིས་གཟབ་ནན་ངང་སྤྱོད་དགོས། རྒྱུ་མཚན་ནི་བཏུང་བ་དེ་སྤྱད་ན་གྲོད་པ་བཤལ་བའི་ཉེན་ཁ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།