དབུ་ཤོག>གསར་འགྱུར།
  • ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཚུལ་ཕྱོགས་ཡོངས་ནས་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-30

    ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་ཕྱོགས་བསྡུས་དངོས་ཤུགས་རིམ་གྱིས་སྟོབས་ཆེར་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱུང་ནས་འཇུར་མིག་ཚོད་འཛིན་བྱེད་ཤུགས་ཆུང་དུ་ནུས་ལྡན་ཕྱིན་པ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་བྱས་པ་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ནང་ངོས་གསོན་ཤུགས་འཕེལ་བ། སྣོད་བཅུད་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་བརྒྱུད། ཁོར་ཡུག་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    2015ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་132.02བཏོད་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད་14.5%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་གི་ལྡབ་གཉིས་ཙམ་དང་། གཏན་འཇགས་རྒྱུ་ནོར་ལ་སྒོར་དུང་ཕྱུར་172.65བཏང་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་24.3%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་གི་ལྡབ་2.97 སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་35.75ཟིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་18.7%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་གི་ལྡབ་2.36ཡིན། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་10.24བཏོད་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་26.7%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་གི་ལྡབ་3.26བཅས་རེད། དཔལ་འབྱོར་དམིགས་ཚད་གཙོ་བོ་བསྟུད་མར་གྲངས་གནས་གཉིས་འཕར་བ་དང་འཕར་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱས་ཚུན་རིམ་རྩིས་བྱས་ན། གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་598བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ་2.8ཡིན་པ་དང་། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་ཐུང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ལ་ཚད་བརྒལ་གསར་པ་བྱུང་ཡོད། གྲོང་ཁྱེར་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་1.46ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལམ་ཐག་སྤྱི་ལེ་3772མང་དུ་ཕྱིན་པ་དང་། རྫོང(ཆུས)དུ་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད་དང་། ཤང(གྲོང་རྡལ)དུ་གཞུང་ལམ་ཤར་གཏོང་ཐུབ་ཚད། ཤང(གྲོང་རྡལ)དུ་འཕྲིན་ཐུང་ཤར་གཏོང་ཐུབ་ཚད་སོ་སོར་91%དང་། 99.3% 40.5%ཟིན་ཡོད་པ་རེད།

    2015ལོར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22374དང་སྒོར་7311ཟིན་ནས། སོ་སོར་ལོ་རེར་ཆ་སྙོམས་11.9%དང་14.8%འཕར་ཡོད། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་283.65བསྡུ་སྒྲིལ་བྱས་ནས“དམངས་ཕན་འདུ་འགོད་ཁག་བཅུ་གཉིས”ལག་བསྟར་བྱས་པ་དང་། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ཁ་གསབ་སྒོར་དུང་ཕྱུར་23.42སྤྲད་ཡོད་པ་རེད། “སྐད་གཉིས”སློབ་གསོ་ཡོངས་སུ་ཁྱབ་པ་དང་། མི་ཁྲི་12དེ་སྔའི་ཚད་གཞི་ལྟར་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ། འདོད་མོས་ཡོད་པའི་འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་དང་གསོ་ཉར་བྱས་ཚད“བརྒྱ་གཉིས”མངོན་འགྱུར་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱས་ཚད་2.5%ཡི་ནང་ཚུན་དུ་ཚོད་འཛིན་བྱས་པ། “8·12”ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་རྦད་དེ་ལེགས་གྲུབ་བྱུང་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆབ་མདོ་ས་ཁུལ་ཆབ་མདོ་གྲོང་ཁྱེར་དུ་བསྒྱུར་པ་དང་། ཆབ་མདོ་གྲོང་རྡལ་གྱི་གྲོང་རྙིང་སྒྱུར་བཀོད་རྦད་དེ་ལེགས་གྲུབ་བྱུང་བ། བཅིངས་འགྲོལ་ཐང་ཆེན་དང་། ཇ་རྟའི་ཐང་ཆེན། མུ་ཏིག་སྤྱི་གླིང་སོགས་གྲོང་ཁྱེར་གྱི་རྣམ་གྲངས་ཁག་གཅིག་བདེ་བླག་ངང་ལེགས་གྲུབ་བྱུང་བ། གྲོང་ཁྱེར་གྱི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཤང་དང་གྲོང་རྡལ་གྱི“ལས་གྲྭ་ཆུང་ངུ་བཞི”ཡི་བཅོས་སྒྲིག་རིམ་སྤོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། མཛེས་སྡུག་ལྡན་པའི་གྲོང་གསེབ་90བསྐྲུན་པ་དང་། ཞིང་འབྲོག་པ་ཁྲི་5.6བདེ་སྡོད་ཁང་པར་སྤོས་པ། གྲོང་ཁྱེར་ཡོངས་སུ་ཆུ་འཁོར་ཆུང་གྲས་354བསྐྲུན་པ། གྲོང་ཚོའི་མི་སྡོད་རྒྱུར་འཚམ་པའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་1133ལག་བསྟར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གསར་པ་བྱུང་བ་བཅས་རེད། 2015ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་རྡལ་ཅན་དུ་འགྱུར་ཚད་15%ཟིན་ཡོད་པ་རེད།

    ས་ཞིང་དང་། སློབ་གསོ། ནོར་ཁྲལ། དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་བརྟན་པོའི་སྐུལ་འདེད་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་དང་རྩྭ་ར་འགན་གཙང་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཡོད། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་འཛིན་གྱི་ཞིབ་བཤེར་མཆན་འགོད་དོན་ཚན་48.2%ཁུ་བསྡུ་བྱས་ཡོད། “གཤམ་སྤྲོད་ལྔ་དང་རྒྱབ་སྐྱོར་དྲུག”གི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་བརྒྱུད། ཁྲོམ་རའི་ཚོང་དུད་སྣ་ཚོགས་ཁྲི་1.5ཟིན་པ་དང་། མ་དངུལ་ཐོ་འགོད་བྱེད་ཚད་སྒོར་དུང་ཕྱུར་131.2ཟིན་པ། རིམ་རྩིས་བྱས་ན་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར་61.96བྱས་ཡོད། རོགས་སྐྱོར་དང་ལེན་ལས་དོན་གཏིང་ཟབ་སྤེལ་ནས་རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་སྒྲུབ་དངུལ་སྒོར་དུང་ཕྱུར་18.45བཏང་ཡོད་པ་རེད།

    ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས”དོན་འཁྱོལ་ནན་ཏན་བྱས་ནས་དཔྱད་ཞིབ་ཀྱི་བྱ་དགའ་ཆད་གཅོད་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། རིམ་རྩིས་བྱས་ན་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི་64.22དང་རི་བཀག་ནགས་གསོ་མུའུ་ཁྲི་13.4བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་སུ་ནགས་ཚལ་ཁྱབ་ཚད་38.63%མཐོ་རུ་ཕྱིན་ཡོད། འདམ་ར་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་4.25ཟིན་ཡོད། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་རྫོང་གྲོང་གནས་སའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་ཡོངས་སུ་བསྐྲུན་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆབ་མདོ་གྲོང་ཁྱེར་གྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པ་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འབྱོར་ཕྱུག་དང་། ཞི་མཐུན། ཤེས་དཔལ། ཁྲིམས་སྐྱོང་། བདེ་སྐྱིད། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།