དབྱར་ཁ་གནམ་གཤིས་ཚ་ཤུགས་ཆེ་བའི་སྐབས་ཁ་ལོ་བ་འགའ་རེས་རླངས་འཁོར་འཇོག་ཐང་དུ་སླེབས་མ་ཐག་ཆར་ཕྱིས་ཡོ་བྱད་ཀེར་རྗེས་གཞི་ནས་རླངས་འཁོར་གྱི་མེ་བསད་དེ་ཐོན་འགྲོ་གི་ཡོད། རྒྱུ་མཚན་ནི་ཆར་ཕྱིས་ཡོ་བྱད་ཀྱི་རྒྱུ་ཆ་ནི་འགྱིག་གིས་བཟོས་པ་ཞིག་ཡིན་པས། དབྱར་ཁ་ཉི་འོད་འཕྲོད་ཤུགས་ཆེ་སྐབས་རླངས་འཁོར་གྱི་རླུང་འགོག་ཤེལ་སྒོའི་ངོས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་50ཡན་ལ་སླེབས་པ་དང་ཚ་བ་སེལ་རྒྱུ་ཧ་ཅང་དལ་བས་ཉི་མས་ཚིག་དྲགས་པའི་ཁར། ཚ་ཤུགས་ཆེ་བས་དུས་ཚོད་རིང་པོ་སོང་མཚམས་ཆར་ཕྱིས་ཡོ་བྱད་ཀྱི་བཟོ་ལྟ་རང་བཞིན་གྱིས་འགྱུར་ནས་ཆར་པ་འབབ་སྐབས་ཆར་ཕྱིས་ཡོ་བྱད་རྒྱུན་གཏན་ལྟར་ཆར་ཆུ་ཕྱིས་པའི་ནུས་པ་ཐོན་མ་ཐུབ་པའམ་ཡང་ན་རྩ་བ་ནས་གཙང་ཕྱིས་བྱེད་མི་ཐུབ་པས་བདེ་འཇགས་ལ་འགོག་རྐྱེན་ཆེན་པོ་བཟོ་ཡི་ཡོད། དེར་བརྟེན་དབྱར་ཁ་ཕྱི་རུ་རླངས་འཁོར་འཇོག་སྐབས་ཡག་ཤོས་བྱུང་ན་ཆར་ཕྱིས་ཡོ་བྱད་ཀེར་ནས་འཇོག་དགོས། 4Sཚོང་ཁང་མང་པོ་ཞིག་གིས་རླངས་འཁོར་འཇོག་སར་རྩ་བའི་ཆ་ནས་ཆར་ཕྱིས་ཡོ་བྱད་འདི་ལྟར་ཀེར་ནས་འཇོག་དགོས་པའི་དྲན་སྐུལ་བྱས་ཡོད་པས་ཁྱེད་ཀྱིས་ཤེས་བྱ་དེ་སེམས་ལ་ངེས་དགོས་སོ།