དབུ་ཤོག
  • མངར་ཟས་ཀྱིས་སོ་ལ་མི་གནོད་པ་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-25

    མངར་ཟས་ཀྱིས་སོ་ལ་ཐད་ཀར་གནོད་པ་མ་ཡིན་པར། མངར་ཆ་བཟས་རྗེས་སོའི་བར་དུ་ལུས་པའི་མངར་རོ་དེ་དག་ལ་འབུ་ཕྲའི་ནུས་པ་ཐོན་ཏེ་སྐྱུར་རྩིར་གྱུར་ནས་སོ་རུལ་གྱི་ཡོད། དེར་བརྟེན། བྱི་རིལ་བཟས་རྗེས་ཕྲུ་གུར་ཁ་ཆུ་བཤལ་གཏོང་དུ་འཇུག་དགོས་པ་དང་། ཁ་ལ་ཆུ་བཤལ་གཏོང་མི་ཤེས་པའི་ཕྲུ་གུ་ཆུང་ཆུང་ཡིན་ན། བྱི་རིལ་བཟས་རྗེས་ཆུ་ཕྲན་བུ་འཐུང་དུ་འཇུག་པའམ་ཡང་ན་བཟའ་བཅའི་རིགས་གཞན་ཕྲན་བུ་སྟེར་ནས། སོའི་བར་དུ་ལུས་པའི་མངར་རོ་གཙང་མ་བཟོ་ཐབས་བྱེད་དགོས། གལ་ཆེ་ཤོས་ནི་ཕྲུ་གུའི་ཁར་མངར་ཆའི་རིགས་ཉར་ནས་གཉིད་ཁུག་ཏུ་རྩ་བ་ནས་འཇུག་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།