དབུ་ཤོག
  • ATMསྤྱོད་སྐབས་ཡིད་གཟབ་བྱེད་དགོས་པའི་དོན་བཞི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-23

    1.མཚན་མོ་དང་ཐོ་རེངས་སུ་ATMདངུལ་ལེན་འཕྲུལ་ཆས་ནས་དངུལ་ལེན་སྐབས་དོགས་ཟོན་བྱེད་དགོས། དཔེར་ན། རྒྱབ་ཏུ་མི་ཡོད་མེད་དང་ལྐོག་ལྟ་བྱེད་མཁན་ཡོད་མེད་ལ་དོགས་ཟོན་བྱེད་དགོས། དགོས་ངེས་སྐབས་སུ་ཉེན་རྟོག་པར་ཞུ་དགོས།

    2.དུས་བཀག་ལྟར་དངུལ་ཁང་གཱ་ཡི་གསང་རྟགས་བརྗེ་དགོས། དངུལ་ཁང་གི་གཱ་མི་གཞན་ལ་གཡར་རྒྱུ་མེད་ལ་གསང་རྟགས་ཨང་གྲངས་གཞན་ལ་བཤད་རྒྱུ་མེད།

    3.ATMནས་དངུལ་ལེན་པའི་སྐབས་སུ་སྒྲིག་ཆས་གཞན་བསྒར་ཡོད་མེད་ལ་དོ་སྣང་བྱེད་དགོས་པ་མ་ཟད། མཐེབ་བཀྱག་ལ་བཟོ་བཅོས་བརྒྱབ་ཡོད་མེད་དང་འགྱིག་ཤོག་སྦྱར་ཡོད་མེད་ལ་དོ་སྣང་བྱེད་དགོས།

    4.གསང་རྟགས་ཨང་གྲངས་གནོན་སྐབས་ལག་པའམ་ཡང་ན་དངོས་པོ་གཞན་གྱིས་འགེབས་དགོས་པ་དང་། དངུལ་བཏོན་པའི་འཛིན་ཤོག་ཉར་ཏེ་ཁྲིམས་འགལ་བས་གསང་རྟགས་མ་བརྐུས་སྔོན་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།