དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་མྱུར་སྐྱེལ་བསྐུར་མའི་ལས་སྒོ་བརྟན་པོའི་ངང་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-23

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལེགས་སུ་བཏང་བ། སྦྲག་སྲིད་དོ་དམ་སྡེ་ཚན་གྱི་སྲིད་འཛིན་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་། སྦྲག་སྲིད་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དམངས་ཁྲོད་ཀྱི་མ་འཇོག་ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔའི་བར། རང་ལྗོངས་ལ་ཁྱོན་EMSདང་། ཧྲུན་ཧྥེང་། ཡུན་ཏ། ཡོན་ཐུང་སོགས་མྱུར་སྐྱེལ་བསྐུར་མའི་སྤུས་རྟགས་22ཡོད་པ་དང་ཆོག་འཐུས་ཁེ་ལས་ཁྱོན་བསྡོམས་32ཡོད། 2015ལོར་རང་ལྗོངས་ཀྱི་སྦྲག་སྲིད་ལས་རིགས་ལས་སྒོར་རིམ་རྩིས་ལྟར་ན་ཁྱོན་སྒོར་དུང་ཕྱུར་2.59ཟིན་པ་དེ་དུས་མཚུངས་ལས་8.22%འཕར་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་མྱུར་སྐྱེལ་བསྐུར་མ་གཉེར་སྐྱོང་ཆོག་པའི“འཛུགས་པ་གཅིག་དང་ཟུང་འབྲེལ་གཉིས”ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་དབང་ཆ་ཁག་གཅིག་གཤམ་སྤྲོད་བྱས་ཏེ་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁ་དན་ཚིག་གནས་ཀྱི་ཁེ་ལས་ལ“ཐོགས་མེད་བགྲོད་ལམ”བསྐྲུན་པ་དང་། ཕྱི་ཚུལ་ཞིབ་དཔྱད་དང་གནས་ཡུལ་དངོས་ཀྱི་ཞིབ་དཔྱད་གཉིས་ཟུང་འབྲེལ་དང་ཞབས་ཞུ་མཐོར་གཏོང་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པས་ལས་ཕྱོད་མཐོ་རུ་སོང་བ་མ་ཟད། མྱུར་སྐྱེལ་བསྐུར་མའི་ཁེ་ལས་ལ་སྟབས་བདེ་བསྐྲུན་ཡོད། དུས་མཚུངས་ཞིབ་བཤེར་མཆན་འགོད་བརྒྱུད་རིམ་སྟབས་བདེ་རུ་བཏང་བ་དང་ཞིབ་མཆན་འགྲོ་ལུགས་ཀྱི་དུས་ཚོད་ཐུང་དུ་བཏང་ཡོད། མིག་སྔར་རང་ལྗོངས་ཀྱི་མཆན་འགོད་བརྗེ་སྒྱུར་གྱི་འགྲོ་ལུགས་གཉེར་བའི་དུས་ཚོད་ཉིན་8ཉུང་དུ་བཏང་བ་དང་། “ཐོགས་མེད་བགྲོད་ལམ”གྱི་ཁེ་ལས་ཀྱི་སྒྲུབ་གཉེར་དུས་བཀག་ཉིན་5ཉུང་དུ་བཏང་བ་རེད།

    2015ལོར་ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོ་ཁྱོན་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་2.59ཟིན་པ་དེ་དུས་མཚུངས་ལས་8.22%འཕར་ཡོད། ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ལས་སྒོའི་ཡོང་འབབ(སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ཐད་ཀའི་ལས་གཉེར་ཡོང་འབབ་ཚུད་མེད)རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་4.14ཟིན་པ་དེ་དུས་མཚུངས་ལས་5.32%འཕར་ཡོད། དེའི་ནང་ལྗོངས་ཡོངས་ཀྱི་མྱུར་སྐྱེལ་བསྐུར་མའི་ཞབས་ཞུའི་ཁེ་ལས་ལས་སྒོ་རིམ་རྩིས་ལྟར་ན་ཁྱོན་སྒོར་ཁྲི་578.32ཟིན་པ་དེ་དུས་མཚུངས་ལས་19.41%འཕར་ཡོད། ལྗོངས་ཡོངས་ཀྱི་ཡིག་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་ལས་སྒོའི་ཡོང་འབབ་རིམ་རྩིས་ལྟར་ན་ཁྱོན་སྒོར་དུང་ཕྱུར་1.68ཟིན་པ་དེ་དུས་མཚུངས་ལས་3.21%ཆག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།