གཅིག ཁུལ་ཆུང་དུ་སྡོད་མཁན་གྱིས་རྣམ་ཀུན་ནས་ཁུལ་ཆུང་གི་རྐུན་འགོག་སྒྲིག་ཆས་ལ་བདག་གཅེས་དང་སྤྱི་པའི་རྐུན་འགོག་སྒོ་ནས་འགྲོ་འོང་བྱེད་སྐབས་ལག་ཞོར་དུ་སྒོ་རྒྱག་དགོས་པ་ལས། རྐུན་འགོག་སྒོའི་ལྡེ་མིག་གྲོགས་པོའམ་ཡང་ན་རྒྱུས་མངའ་མེད་པའི་མིར་གཡར་མི་རུང་།
གཉིས། ཁྱིམ་དུ་དངུལ་འབོར་ཆེན་འཇོག་མི་རུང་། དངུལ་འཛིན་དང་ཡིད་རྟོན་གཱ་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་ཐེམ་ཐོ་སོགས་དང་མཉམ་དུ་འཇོག་མི་རུང་། རིན་ལྡན་དངུལ་འཛིན་དང་གསེར་དངུལ་སོགས་འཁྱེར་བདེ་སར་འཇོག་མི་རུང་།
གསུམ། ལྡེ་མིག་ལུས་ཐོག་ཏུ་འཁྱེར་བ་ལས་གང་བྱུང་དུ་འཇོག་མི་རུང་། ལྡེ་མིག་བརླགས་ཚེ་དུས་ཐོག་ཏུ་སྒོ་ལྕགས་བརྗེ་པོ་རྒྱག་དགོས། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི་སློབ་ལོ་མ་ལོན་པའི་བྱིས་པ་དང་རིག་སྟོབས་ཞན་པའི་ནང་མིར་ལྡེ་མིག་སྤྲོད་མི་རུང་།
བཞི། གྲོགས་པོ་སྒྲིག་སྐབས་ཡིད་གཟབ་བྱེད་དགོས། ཁྱིམ་ཚང་གི་ཁོངས་མིའམ་ཡང་ན་གཞོན་ནུ་ལོ་ཆུང་ཚོས་རྒྱུས་མངའ་མེད་པའི་མི་ཁྱིམ་དུ་འཁྲིད་མི་རུང་། བུ་རྫི་གླས་ཚེ་དེའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བསྐྱར་པར་བརྒྱབ་ནས་ཉར་དགོས།
ལྔ། ཁྱིམ་དུ་མི་མེད་པའི་སྐབས་སྤུན་མཆེད་ལ་དུས་བཀག་ལྟར་སྒེའུ་ཁུང་ཕྱེ་བའམ་ཡང་ན་སྒེའུ་ཁུང་གི་སྟེང་དུ་གོས་སྐམ་དགོས་པའི་མངག་བྱ་བྱས་ནས་མི་ཡོད་པ་ལྟར་བྱེད་དགོས།