དབུ་ཤོག>གསར་འགྱུར།
  • ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དངུལ་རྩས་ཞིང་འབྲོག་ཁུལ་གྱི་གཞོན་ནུའི་ལས་གཏོད་ལ་རོགས་རམ་བྱེད་པའི”ལག་ལེན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-22

    ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དངུལ་རྩས་ཞིང་འབྲོག་ཁུལ་གྱི་གཞོན་ནུའི་ལས་གཏོད་ལ་རོགས་རམ་བྱེད་པའི”སློབ་སྦྱོང་དང་ལག་ལེན་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་ཏེ། གཞོན་ནུ་ལས་བྱེད་ལས་བཟོ་དང་དང་བླངས་པ་སྒྲིག་འཛུགས་ཀྱིས་པ་སྣམ་རྫོང་དགའ་གདོང་གྲོང་རྡལ་ཁམས་བཟང་ཞིང་ཞོར་ཐོན་ཟོག་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བུད་མེད་ཀྱི་སྲོལ་རྒྱུན་མི་རིགས་གྱོན་ཆས་སྒྲོལ་མ་འཐག་ཁང་དུ་བསྐྱོད་ནས་ས་ཆ་དངོས་སུ་རྟོག་ཞིབ་སློབ་སྦྱོང་བྱས་པ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་གཞོན་ནུ་ལས་བྱེད་ལས་བཟོས་ཁེ་ལས་གཉིས་ཀྱི་འགན་ཁུར་བས་ཁེ་ལས་འཕེལ་རྒྱས་ཀྱི་འགན་འཁྲི་དང་། རེ་འདུན། དམིགས་ཚད་བཅས་ངོ་སྤྲོད་ཉན་པ་དང་རྩམ་པ་འཐག་པ་དང་གྱོན་ཆས་ལག་བཙེམ་བྱེད་སྟངས་ལ་ལྟ་སྐོར་བྱས་པ་རེད། སློབ་སྦྱོང་དང་ལག་ལེན་བྱེད་སྒོའི་ཁྲོད་གཅིག་ནས་སློབ་སྦྱོང་དང་། གཉིས་ནས་མནོ་བསམ་གཏོང་བ། གསུམ་ནས་སྤེལ་རེས་བྱེད་པ་བཅས་བྱས་ཏེ་ངོས་འཛིན་མཐོར་གཏོང་དང་ཧེ་བག་ཤེས་ཐུབ་པ་བྱུང་བ་རེད།

    བུད་མེད་ཀྱི་སྲོལ་རྒྱུན་མི་རིགས་གྱོན་ཆས་སྒྲོལ་མ་འཐག་ཁང་གི་འགན་ཁུར་བས་ངོ་སྤྲོད་བྱས་དོན། གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དངུལ་རྩས་ཞིང་འབྲོག་ཁུལ་གྱི་གཞོན་ནུའི་ལས་གཏོད་ལ་རོགས་རམ་བྱེད་པའི”ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཉིང་ལག་དངུལ་ཁང་གི་གྲངས་ཉུང་ཁག་ཐེག་ནོར་སྲིད་སྐྱེད་གསབ་དངུལ་བུན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཞིང་འབྲོག་ཁུལ་གྱི་གཞོན་ནུ་70ལྷག་ཙམ་སློབ་སྦྱོང་བརྒྱུད་སྔ་རྗེས་སུ་ལག་རྩལ་སྣ་གཅིག་ཤེས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།