དབུ་ཤོག>གསར་འགྱུར།
  • སྙེ་མོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཕྱུག་པོ་ཆགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-22

    འདི་ལོ་ཚུན་སྙེ་མོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནད་སྨིན་དབུལ་སྐྱོར་ལ་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ཁྲོད་ཀྱི་འགན་ནུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གནད་སྨིན་དབུལ་སྐྱོར་གྱི་བྱེད་སྒོ་རབ་དང་རིམ་པ་ཏན་ཏིག་སྤེལ་བས། རྒྱ་ཆེའི་བུད་མེད་ཚོའི་དགའ་བསུ་ཐོབ་ཡོད་པ་རེད།

    དྲིལ་བསྒྲགས་ལ་དམ་འཛིན་བྱས་ནས་བུད་མེད་དབུལ་པོའི་བསམ་བློའི་འདུ་ཤེས་ཟབ་ཏུ་བཏང་བ། སྙེ་མོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་ཀྱི་ཁྱིམ་ཚང”ལས་སྟེགས་དང་། རང་བརྩི་དང་། རང་ཡིད་རང་ཆེས། རང་ཚུགས། རང་འབད་བཅས་ཀྱི་སྙིང་སྟོབས་དྲིལ་བསྒྲགས། བུད་མེད་དབུལ་པོའི“སྒུག་རྟེན་སློང”གི་བསམ་བློ་ཁྱད་བསད་བྱ་རྒྱུའི་སློབ་གསོ་རྒྱག་པ་བཅས་བྱས་ནས། བུད་མེད་ཕྱུག་པོ་ཆགས་རྒྱུར་ཁྲིད་སྟོན་བྱས་པ་རེད། རྟེན་གཞི་བསྐྲུན་ནས་བུད་མེད་ལ་ལས་གཏོད་ཀྱི་དཀའ་གནད་སེལ་རོགས་བྱས་ཤིང་། སྙེ་མོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་སྒོར་ཁྲི་10བརྩོན་ལེན་བྱས་々ཏེ་སྙེ་མོ་རྫོང་བྲག་སྐོར་ཤང་གི“ཨ་ཅག་བོད་བྱ”གསོ་ཚགས་མཉམ་ལས་ཁང་ཐོག་མར་བཙུགས་པ་དང་། དེ་ལས་སྟེགས་སུ་བྱས་ཏེ་བུད་མེད་ཚོར་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་པ་རེད། བྱ་བ་དངོས་བསྒྲུབས་ཏེ“དཔྱིད་ཀྱི་ཐེའུ”བྱིས་པ་དབུལ་པོར་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཞིང་། འདི་ལོའི་ཟླ་བ་བཞི་པར་སྙེ་མོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་དབུལ་པོ་དང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཆུང་སློབ་མ་100ལ་མི་རེར་རོགས་དངུལ་སྒོར་400སྤྲད་དེ། སློབ་མ་རྣམས་ཤེས་ལྡན་མི་སྣར་འགྱུར་རྒྱུར་རོགས་རམ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།