དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-21

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་6ཚེས་20ཉིན་ནས་ཟླ་6ཚེས་26ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་ཉིང་ཁྲི་དང་། ཡར་ཀླུང་གཙང་པོའི་རྒྱུད། ནག་ཆུ། ཆབ་མདོ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་ནག་ཆུ་དང་། གཞིས་རྩེ། ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ། གཟའ་མཇུག་ཏུ་ནག་ཆུའི་ཤར་རྒྱུད་དང་། ཡར་ཀླུང་གཙང་པོའི་རྒྱུད། ཉིང་ཁྲི ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ།

    གཉིས། གྲོས་འགོ

    1.དབུས་ཤར་རྒྱུད་དུ་ཆར་ཆུ་འབབ་མང་བས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་རྒྱུར་དོ་སྣང་བྱེད་དགོས།

    2.རང་ལྗོངས་སུ་མིག་སྔར་ཆར་དུས་ཤར་བ་དང་དུས་ཐུང་གཏད་རྒྱུག་གནམ་གཤིས་བསྟན་རྒྱུ་ཡིན་པས་ཐོག་དང་སེར་བ་སོགས་འགོག་པའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།