གྲོང་ཁྱེར་ཉེ་འདབས་ཀྱི་བཞོན་མའི་གསོ་ཚགས་ལས་རིགས་འཕེལ་རྒྱས་ཆེན་པོ་ཕྱིན་པ་དེས། གྲོང་མི་རྣམས་ལ་འོ་མ་སོས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མཁོ་འདོན་ཐུབ་ནས། མི་རྣམས་ཀྱི་དགའ་བསུ་ཐོབ་ཡོད། ཤེས་དགོས་པ་ཞིག་ལ། འོ་མར་ནང་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པས། ཉར་ཡུན་རིང་ན་འབུ་ཕྲ་མང་པོ་སྐྱེ་བ་མ་ཟད། འོ་མའི་མངར་རྒྱུར་བརྟེན་པའི་འབུ་ཕྲ་མང་པོ་ཞིག་སྐྱེས་ནས། འོ་མ་ལངས་ཏེ་སྐྱུར་མོར་གྱུར་གྱི་ཡོད། དེར་བརྟེན། པ་ཧྲེ་ཏེའི་དུག་སེལ་ལྟར་དྲོད་ཚད་མཐོ་པོས་དུག་སེལ་མ་བྱས་པར། ཐུམ་བརྒྱབ་པའི་འོ་མ་ལྷད་མེད་ཡིན་རིགས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ནང་བཞག་སྟེ་ཆུ་ཚོད་48ཉར་ཆོག འོན་ཀྱང་དྲོད་ཚད་ཧྲེ་ཧྲི་ཏུའུ་ཉི་ཤུ་ནས་སུམ་ཅུའི་བར་གྱི་འོ་མ་ཆུ་ཚོད་3ཡན་བཞག་ན་ཡག་པོ་མེད་ལ། འོ་མ་སོས་པ་ཉི་མའི་འོག་བཞག་ཚེ་འཚོ་བཅུད་Bམེད་པ་ཆགས་འགྲོ་ཡི་ཡོད། འོ་མ་སོས་པ་ཉར་ཚགས་བྱེད་སྟངས་ཐད། གཤམ་གྱི་བྱེད་ཐབས་འགའ་ངེས་དགོས་པ་སྟེ།
(1)འོ་མ་སོས་པ་ཡིན་ཕྱིན་ངེས་པར་དུ་གྲིབ་ནག་འོག་འཇོག་དགོས་ཤིང་། འཁྱག་སྒམ་ནང་བཞག་ན་ཡག་ཤོས་རེད།
(2)འོ་མ་ཉི་མའི་འོག་གམ་ཡང་ན་གློག་འོད་འོག་འཇོག་མི་ཉན། དེ་ལྟར་བཞག་ཚེ་འོ་མའི་འཚོ་བཅུད་མང་པོ་མེད་པར་འགྲོ་ལ་འོ་མའི་བྲོ་བའང་ཡལ་འགྲོ་ཡི་ཡོད།
(3)འོ་མ་འཁྱག་སྒམ་ནང་འཇོག་སྐབས་ཁ་གཅོད་བཙན་པོ་བརྒྱབ་ནས་དྲི་གཞན་མི་འགོ་བ་བྱེད་དགོས།
(4)དཀར་ཡོལ་སོགས་སུ་འཐུང་འཕྲོར་ལུས་པའི་འོ་མ་ཡང་བསྐྱར་སྣོད་ཆས་སུ་བླུགས་ནས་སྣོད་ཆས་དེའི་སྔར་ཡོད་ཀྱི་འོ་མ་དང་འདྲེས་སུ་འཇུག་རྒྱུ་མེད།
(5)རྡོ་ལྟར་འཁྱགས་ཚེ། འོ་མར་སྐྱོན་བྱེད་པས་འོ་མ་འཁྱག་པ་གཏོང་སྐབས་དེའི་བྲོ་བ་མི་ཤོར་བ་བྱེད་དགོས། དེས་ན་འོ་མ་འཁྱག་མ་བཏང་བར་འཁྱགས་སྒམ་ནང་ཉར་ཚགས་བྱེད་པ་དེ་གས་འགྲིག་པ་ཡིན།