དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གསུམ་པའི”ནུས་རྒྱུའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-20

    ཚེས་16ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོ་ཧྭ་ནུས་ཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ལས་དོན་ཐད་ཐུན་མོང་ཐོག་གྲོས་མོལ་བྱས་ནས《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནུས་རྒྱུའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི》གྲོས་མཐུན་བཞག་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། ཀྲུང་གོ་ཧྭ་ནུས་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཚའོ་ཕེ་ཞིས་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཏེང་ཞའོ་ཀང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ཧྭ་ནུས་ཚོགས་པས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཏེང་ཞའོ་ཀང་གིས་དུས་ཡུན་རིང་པོའི་ནང་ཧྭ་ནུས་ཚོགས་པས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཁར་བོད་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་བོད་ཀྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་གྱི་ལས་དོན་ཁག་ནང་རང་རྟོགས་ངང་ཧུར་ཐག་ཞུགས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་གློག་དཀོན་པའི་དཀའ་གནད་ཐག་གཅོད་དང་། བོད་ཀྱི་ཆུ་གློག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བཅས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

    ཏེང་ཞའོ་ཀང་གིས“ལོ་ལྔ་ཚན་བཅུ་གསུམ་པ”ནི་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་དུས་བཀག་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། ནུས་རྒྱུའི་འཇུར་མིག་གི་ཚོད་འཛིན་སེལ་བའི་འགག་རྩའི་དུས་མཚམས། “ནུབ་གློག་ཤར་འདྲེན”གྱི་མཐུད་སྐྲུན་རྟེན་གཞིའི་མྱུར་ཚད་མགྱོགས་སུ་གཏོང་བའི་དུས་མཚམས་བཅས་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནུས་རྒྱུའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་འཇོག་རྒྱུ་ནི་ཕྱོགས་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱས་ནས་སྔར་བས་གཉིས་ཁེ་གཉིས་ཕན་ཡོང་བའི་དོན་ཆེན་ཞིག་རེད། ཕྱོགས་གཉིས་པོས་དེ་ཉིད་གོ་སྐབས་གསར་པར་བརྩིས་ཏེ་སྔོན་མའི་མཉམ་ལས་ཀྱི་རྨང་གཞི་བཟང་པོའི་ཐོག་མཉམ་ལས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མཉམ་ལས་དོན་གནད་དོན་འཁྱོལ་གང་མགྱོགས་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཧྭ་ནུས་ཚོགས་པ་བོད་དུ་ལས་ཀ་བྱ་རྒྱུར་སྔར་རྒྱུན་བཞིན་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཧྭ་ནུས་ཚོགས་པ་བོད་དུ་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་ཕྱིར་ཆ་རྐྱེན་བསྐྲུན་པ་དང་རོགས་རམ་བྱ་རྒྱུ་ཡིན། ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུས་ནས་ཕྱིའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་དེ་གཉིས་ཕན་མཉམ་ལས་དང་། ཐུན་མོང་འཕེལ་རྒྱས། གཉིས་ཕན་བཅས་ཡོང་བར་སྐུལ་མ་གཏོང་རྒྱུའི་བླང་བྱ་བཏོན་གནང་བ་རེད།

    ཚའོ་ཕེ་ཞིས་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་མང་རིང་ཧྭ་ནུས་ཚོགས་པར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཧྭ་ནུས་ཚོགས་པས་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་། དཔལ་འབྱོར་གྱི་འགན་འཁྲི། སྤྱི་ཚོགས་ཀྱི་འགན་འཁྲི་བཅས་ཕྱོགས་ཡོངས་ནས་ཏན་ཏིག་ངང་འཁུར་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དབར་བཞག་པའི་ནུས་རྒྱུའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་བོད་ཀྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ་གློག་ཤུགས་ཐད་ཀྱི་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཕྱོགས་གཉིས་པོའི་མཉམ་ལས་དེ་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་མ་བཏང་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།