དབུ་ཤོག
  • རླུང་གཏོང་གློག་ཆས་ཚ་པོས་མེ་སྐྱོན་བཟོ་བར་དོགས་ཟོན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-16

    མི་རིང་བའི་གོང་སྨྱན་སྦྱོར་ཐོག་གསར་འགྱུར་དེ་འདྲ་ཞིག་བཀོད་ཡོད་པ་སྟེ། ཀྲེ་ཅང་ཞིང་ཆེན་ཅ་ཤིན་ཧའེ་ནིང་མཱ་ཆའོ་ཁྲོམ་གཞུང་དུ་རུས་མིང་ཞ་ཟེར་བའི་བུད་མེད་ཅིག་གིས་སྐྲ་རློན་པ་རླུང་གཏོང་གློག་ཆས་ཀྱིས་སྐམ་པོ་བཟོས་རྗེས་སྒམ་ནང་བཅུག སྟབས་ལེགས་པ་ཞིག་ལ་ཁོ་མོས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས། སྒམ་ནང་ནས་ཚིག་དྲི་དྲོ་བ་དང་དུ་བ་དོན་པ་མཐོང་བས། ལམ་སེང་བྱ་སྤྱོད་སྤེལ་ཏེ་མེ་སྐྱོན་གྱི་བར་ཆད་ལས་གཡོལ་ཐུབ་ཙམ་བྱུང་། དོན་དངོས་ཐོག མགོའི་སྐྲ་རླུང་གཏོང་གློག་ཆས་ཀྱིས་སྐམ་པོ་བཟོས་རྗེས་ལམ་སེང་སྒམ་ནང་འཇུག་པའམ་ཡང་ན་མེ་འབར་སླ་བའི་དངོས་པོའི་ཐོག་བཞག་ན་མེ་སྐྱོན་ཤོར་བའི་ཉེན་ཁ་ཆེན་པོ་ཡོད་པས། མེ་ཟོན་རིགས་གཅིག་མཁས་པས་རླུང་གཏོང་གློག་ཆས་སྤྱད་རྗེས་ལྷགས་པ་ཡོད་སར་གྲང་མོ་བཟོས་རྗེས་གཞི་ནས་བསྡུ་དགོས་ཞེས་བཤད།

    “བེད་སྤྱོད་བཏང་མ་ཐག་པའི་རླུང་གཏོང་གློག་ཆས་ཀྱི་དྲོད་ཚད་ཧ་ཅང་མཐོ་པོ་ཡོད་ཅིང་། སྒམ་ཕལ་ཆེ་བ་ཤིང་ལས་བཟོས་པ་དང་ལྷག་པར་དུ་གོས་སྒམ་ནང་གྱོན་ཆས་མང་པོ་བླུགས་ཡོད་པས་གལ་སྲིད་སྤྱད་མ་ཐག་པའི་གློག་ཆས་དེ་ལམ་སེང་སྒམ་ནང་འཇུག་པའམ་ཡང་ན་མེ་འབར་སླ་བའི་དངོས་པོའི་ཐོག་བཞག་ན་མེ་སྐྱོན་ཤོར་བའི་ཉེན་ཁ་ཡོད”ཅེས་བཤད། ཡང་དག་པའི་བྱེད་ཐབས་ནི། རླུང་གཏོང་གློག་ཆས་གྲང་མོ་ཆགས་རྗེས་གཞི་ནས་བསྡུ་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།