དབུ་ཤོག
  • ​ སྐྱེ་ཟླ་ཤར་རྗེས་སྦྲུམ་མ་སྨན་ཁང་དུ་ག་དུས་བསྐྱོད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-15

    ཕྲུ་གུ་སྐྱེ་བའི་སྔོན་དཔག་དུས་ཚོད་སླེབས་རྗེས་སྦྲུམ་མའི་གཟུགས་གཞིའི་ཐད་འགྱུར་ལྡོག་ཡོང་གི་ཡོད། ཕྲུ་གུ་སྐྱེ་ཁའི་སྔོན་རྟགས་ནི།

    བུ་སྣོད་ཀྱི་མཐིལ་དམའ་རུ་འགྲོ་བ་མ་ཟད། སྦྲུམ་མའི་དབུགས་རྔུབ་གཏོང་བྱེད་བདེ་རུ་ཕྱིན་ནས་ཟས་ཀྱི་དང་ག་ཆེ་རུ་འགྲོ་གི་ཡོད།

    བཙོག་གཅིན་མང་དུ་འགྲོ་བ།

    ཕྲུ་གུའི་འགུལ་སྐྱོད་ཉུང་དུ་འགྲོ་བ།

    སྐེད་པ་ན་བ།

    བུ་སྣོད་འཁུམས་པ།

    ཁྲག་ཐོན་པ།

    འགོ་ཆུ་བརྡོལ་སྐབས་སྦྲུམ་མར་གློ་བུར་དུ་ཆུ་དྲོད་འཇམ་མངལ་ལམ་ནས་ཐོན་པ་ལྟ་བུའི་ཚོར་སྣང་སོགས་ཡོང་སྐབས་སྦྲུམ་མ་དུས་ཐོག་ཏུ་སྨན་ཁང་ལ་བསྐྱལ་དགོས།

    གལ་སྲིད་ཕྲུ་གུ་སྐྱེ་ཐེངས་དང་པོ་ཡིན་ཚེ། བུ་སྣོད་འཁུམས་ཐེངས་དང་པོ་ནས་བུ་སྣོད་ཁ་འབྱེད་པའི་བར་སྤྱིར་ཆུ་ཚོད་ཁ་ཤས་འགོར་གྱི་ཡོད། སྐར་མ་བཅུ་རེའི་ཐོག་བུ་སྣོད་ཐེངས་རེ་འཁུམས་པའི་ཚོར་སྣང་བྱུང་ཚེ་སྨན་ཁང་ལ་འགྲོ་རྒྱུའི་གྲ་སྒྲིག་བྱས་ན་འགྲིག གལ་སྲིད་སྨན་ཁང་དང་རང་ཁྱིམ་དབར་བར་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་ཚེ་སྔ་ཙམ་ནས་སྨན་ཁང་དུ་བསྐྱོད་དགོས། གལ་སྲིད་སྦྲུམ་མ་ནང་ལ་སྡོད་པའི་སྐབས་འགོ་ཆུ་བརྡོལ་ཚེ་ཁྱིམ་མིས་སྦྲུམ་མའི་སྟོད་ཁོག་དམའ་ལ་སྨད་ཁོག་མཐོ་པོ་བྱས་ནས་སྟེགས་སྒྲོམ་ཐོག་འཁུར་ཏེ་སྨན་ཁང་ལ་སྐྱེལ་བ་དང་མངལ་གནས་ཕྲུ་གུར་ཉེན་ཁ་མི་ཡོང་བ་བྱེད་དགོས། གལ་སྲིད་རྒྱུན་གཏན་མིན་པའི་གནས་ཚུལ་མེད་ཚེ་སྔོན་ཚུད་ནས་སྨན་ཁང་ལ་བསྐྱོད་དེ་ཕྲུ་གུ་སྐྱེ་རྒྱུར་སྒུག་པའི་དགོས་པ་མེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།