དབུ་ཤོག>གསར་འགྱུར།
  • ད་ལོའི་ལས་ཞུགས་བོད་སྐྱོར་ཐད་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་གདན་ཞུའི་བྱེད་སྒོ་ཐེངས་དང་པོ་འདི་ཟླའི་ཚེས་18ཉིན་སྤེལ་རྒྱུ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-06-15

    སྤྱི་ལོ་2016ལོའི་ལས་ཞུགས་བོད་སྐྱོར་ཐད་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་གདན་ཞུའི་བྱེད་སྒོ་ཐེངས་དང་པོ་སྤྱི་ཟླ་6པའི་ཚེས་18ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་སུ་སྤེལ་རྒྱུ་རེད།  པེ་ཅིང་གྲོང་ཁྱེར་དང་ཅི་ལིན་ཞིང་ཆེན།  ཧྲན་ཏུང་ཞིང་ཆེན་བཅས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་ཞིང་ད་ལྟ་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་3000ལྷག་ཙམ་མཁོ་འདོན་བྱ་རྒྱུ་རེད།

    གཏན་འབེབས་ལ་གཞིགས་ན།  ལྗོངས་ཕྱིར་ལས་ཞུགས་བྱེད་མཁན་གྱི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མར་ལམ་དངུལ་དང་འཚོ་བའི་ཁ་གསབ་སྤྲོད་རྒྱུ་ཡིན་པ་མ་ཟད།  སློབ་ཐོན་སློབ་མ་རྣམས་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་དུས་བཀག་གཙངས་རྗེས་བོད་དུ་ལོག་ནས་ལས་ཀ་བྱེད་པའི་འདོད་བློ་ཡོད་ཚེ་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་ཡོངས་གྲགས་ཡིག་རྒྱུགས་ནང་ཞུགས་ཀྱང་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།