རྟག་ཏུ་རྣ་འཇུག་ཉན་ཆས་བེད་སྤྱོད་བྱས་ན་ཐོས་འཛིན་དབང་པོར་གནོད་འཚེ་གཏོང་གི་ཡོད་པ་དང་ཚབས་ཆེ་སྐབས་ཡུན་གནས་རང་བཞིན་གྱི་འོན་པ་ཆགས་ཀྱི་ཡོད། སྨན་གཞུང་གི་དཔྱད་གཞིའི་ཡིག་རིགས་ནང་གསལ་བར། མི་རྣམས་ཀྱིས་རྒྱུན་དུ་རྣ་འཇུག་ཉན་ཆས་བེད་སྤྱད་སྐབས། རྣ་བས་གོ་བའི་སྒྲ་ཚད་དེ་ཧྥུན་པའེ་85ལས་བརྒལ་ནས་ཉན་པ་ཡིན་ན་དུས་ཚོད་རིང་པོ་སོང་མཚམས་ཐོས་འཛིན་ལ་ངལ་དུབ་བཟོ་སྲིད། རྣ་བས་གོ་བའི་སྒྲ་ཚད་མཐོ་ཤོས་ཧྥུན་པའེ་110ལ་སླེབས་སྐབས་རྣ་བའི་དབང་པོར་ཧ་ཅང་གནོད་པ་ཡོད་པ་དང་། ཚབས་ཆེ་སྐབས་ད་དུང་སླར་གསོ་མི་ཐུབ་པའི་གནོད་སྐྱོན་བཟོ་ཡི་ཡོད་པས་རྒྱུན་དུ་རྣ་འཇུག་ཉན་ཆས་བེད་སྤྱོད་བྱེད་དྲགས་རྒྱུ་མེད།