དབུ་ཤོག>གསར་འགྱུར།
  • ​ བོད་སྐྱོར་ལས་དོན་དེ་གཞི་རིམ་དང་མང་ཚོགས་དང་དེ་བས་ཐག་ཉེ་བ་བྱེད་དགོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་ལས་ཁུངས།   |     སྤེལ་དུས།  2016-06-12

    རེས་འཁོར་གསར་པའི་བོད་སྐྱོར་ལས་དོན་གྱི་བརྗེ་རེས་དུས་ཚོད་ལ་སླེབས་ཡོད། བོད་སྐྱོར་ལས་དོན་པས་གཞི་རིམ་ལ་ཕྱོགས་ལྷུང་བྱེད་དགོས་པ་དང་། བོད་སྐྱོར་མ་དངུལ་དང་རྣམ་གྲངས་གཞི་རིམ་ལ་ཕྱོགས་ལྷུང་བྱེད་དགོས་པ་དེ་ནི་ཀྲུང་དབྱང་གིས་བོད་སྐྱོར་ལས་དོན་ལ་བཏོན་པའི་བླང་བྱ་ཡིན་པ་རེད།

    འདི་དག་གླེང་སྐབས། བོད་སྐྱོར་ལས་བྱེད་པ་རྣམས་ལ་མྱོང་ཚོར་མང་པོ་ཡོད། ཚང་མས། ཞིང་འབྲོག་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་བ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་བྱེད་དགོས་ན། བོད་སྐྱོར་ལས་དོན་དེ་དེ་བས་མང་ཚོགས་དང་ཐག་ཉེ་བ་བྱེད་དགོས། ཐོག་མར་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དགོས། ཞིང་འབྲོག་མང་ཚོགས་ལ་བརྩེ་དུང་ཡོད་པ་དང་། ཁོ་ཚོས་བསམ་བློ་དང་ཁོ་ཚོའི་དགོས་མཁོར་རྒྱུས་ལོན་བྱས་ཚེ། གཞི་ནས་དེ་བས་ཡག་པའི་ངང་ལས་དོན་སྤེལ་ཐུབ། གཉིས་པ་ནི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་གནས་ཚུལ་ཤེས་རྟོགས་བྱེད་དགོས། བཤད་སྲོལ་ལ། བརྟག་དཔྱད་ཞིབ་འཇུག་མ་བྱས་ན་སྐད་ཆ་ཤོད་དབང་མེད་ཅེས་པ་ལྟར། བོད་སྐྱོར་ལས་དོན་ཐད་ནང་སའི་བྱེད་སྟངས་ལ་འགྱུར་བ་མེད་པར་ལག་བསྟར་བྱེད་མི་རུང་བར། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པའི་རྨང་གཞི་དང་། བོད་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་ལ་རྒྱུས་ལོན་བྱས་པའི་རྨང་གཞིའི་ཐོག ནང་སའི་བྱེད་སྟངས་ཡག་པོ་དཔྱད་གཞིར་འཛིན་པ་དང་། ནང་སའི་ཉམས་མྱོང་ཡག་པོ་ནང་འདྲེན་བྱས་ནས་ས་བབ་དང་བསྟུན་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་བོད་ལྗོངས་རང་གི་གོང་འཕེལ་དང་བརྟན་ལྷིང་གི་ལམ་བུ་གསར་པ་ཞིག་གི་ཐོག་བསྐྱོད་དགོས། གསུམ་པ་ནི། མང་ཚོགས་ཀྱི་འདུན་པར་བརྩི་འཇོག་བྱེད་དགོས། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་གོང་འཕེལ་ཐད་ནང་ས་དང་ཧེ་བག་ངེས་ཅན་ཡོད་པས། བོད་སྐྱོར་ལས་བྱེད་པ་རྣམས་ཀྱིས་འདུ་ཤེས་གསར་པ་ཁྱེར་ནས་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་རང་གི་བསམ་གཞིགས་དང་བསམ་ཚུལ་ཡོད་པ་བྱེད་དགོས། འོན་ཀྱང་དེའི་རྒྱུད་རིམ་ཁྲོད། ད་དུང་མང་ཚོགས་ཀྱི་འདུན་པར་བརྩི་འཇོག་བྱེད་དགོས། ཞིང་འབྲོག་ཁུལ་ལ་རྣམ་གྲངས་དང་མ་དངུལ་གཏོང་སྐབས། ངེས་པར་དུ་མང་ཚོགས་ཀྱི་བསམ་འཆར་ཉན་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པ་བརྒྱུད་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་འདོད་བློ་འཚིམ་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་དགོས་པ་དང་རྣམ་གྲངས་ཀྱིས་དེ་བས་ཡག་པའི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།