དབུ་ཤོག>གསར་འགྱུར།
  • ཆོན་ཀྲོའུ་གྲོང་ཁྱེར་གྱིས་ཀོང་པོ་རྒྱ་མདའ་རྫོང་ལ་ཁ་གཏད་རོགས་སྐྱོར་ལོ་15བྱས་པའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-12

    ཟླ་6ཚེས་3ཉིན་གྱི་སྔ་དྲོ་ཕུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་གྱིས་ཀོང་པོ་རྒྱ་མདའ་རྫོང་དུ་མཛད་སྒོ་འཚོགས་ནས་ཀོང་པོ་རྒྱ་མདའ་རྫོང་ལ་མ་དངུལ་སྒོར་ཁྲི་500སྤྲད་དེ“ཆོན་ཀྲོའུ་ཡི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ”བཙུགས་ཏེ་སློབ་གཉེར་ཆུ་ཚད་སྔར་བས་མཐོར་གཏོང་དང་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་བཏང་ནས་ཕུལ་བྱུང་གི་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱས་ཏེ་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་རེད།

    “ཆོན་ཀྲོའུ་ཡི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ”འཛུགས་པ་དང་སྤྲོད་པའི་མཛད་སྒོའི་ཐོག་ཆོན་ཀྲོའུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་ཝུའེ་ཡིས་འཁྱུག་ཙམ་ཞིག་ལ་ལོ་15འདས་ནས་ཕུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་གྱིས་ཀོང་པོ་རྒྱ་མདའ་རྫོང་ལ་བོད་སྐྱོར་བྱེད་པའི་ལས་དོན་མཇུག་འགྲིལ་གྲབས་ཡོད། སྤུན་ཟླའི་རྫོང་དང་གྲོང་ཁྱེར་ཡིན་པའི་ཆོན་ཀྲོའུ་གྲོང་ཁྱེར་གྱིས་ཀོང་པོ་རྒྱ་མདའ་རྫོང་ལ་སྔ་རྗེས་སུ་ཁག་ལྔ་ལ་བགོས་པའི་བོད་སྐྱོར་ལས་བྱེད་པ་ཁྱོན་32མངགས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.18བཏང་ནས་ཀོང་པོ་རྒྱ་མདའ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཆེད་མ་དངུལ་དང་ཤེས་ལྡན་པའི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། ལོ་15ཡི་རིང་བོད་སྐྱོར་ལས་དོན་རུ་ཁག་ཁག་མང་པོས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་གཞོལ་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་གཞོལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་གཞོལ་བ། ཕུའུ་ཅན་དང་བོད་དབར་སྦྲེལ་ཟམ་འཛུགས་རྒྱུར་གཞོལ་བ་བཅས་བྱས་པས་ཀོང་པོ་རྒྱ་མདའ་རྫོང་གི་འཕེལ་རྒྱས་ནུས་པ་དང་ཆུ་ཚད་ཆེས་ཆེར་གོང་མཐོར་སོང་བ་དང་། ཐོན་ལས་ཕྱོགས་འགྱུར་དང་རིམ་འཕར་ཐད་ཚད་བརྒལ་ཆེན་པོ་བྱུང་བ། རྨང་གཞིའི་སྒྲིག་བཀོད་མཐོར་གཏོང་འཐུས་ཚང་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་བ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་མི་རྣམས་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཡོད་ཅེས་བརྩེ་བ་ཟབ་མོའི་སྒོ་ནས་བཤད།

    2013ལོའི་ཟླ་7པར་ཆོན་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པ་བོད་དུ་སླེབས་ཚུན་བོད་སྐྱོར་བསམ་ཕྱོགས་ཧུར་ཐག་བསྒྱུར་ནས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ལྟེ་བར་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ། རྣམ་གྲངས་བསྐྲུན་རྒྱུ་གཙོ་གནད་དུ་བྱེད་པ། ལས་བྱེད་པར་དོ་དམ་བྱ་རྒྱུ་འགན་ལེན་དུ་བྱེད་པ་བཅས་ཀྱི་ཐོག་ནས་བོད་སྐྱོར་བྱེད་ཐབས་གསར་གཏོད་ཤུགས་ཆེན་བྱེད་པ་དང་། བོད་སྐྱོར་ཁྱབ་ཁོངས་རྒྱ་ཆེར་ཧུར་ཐག་གཏོང་བ། བོད་སྐྱོར་ནང་དོན་རྒྱུན་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་རྫོང་ཨུད་དང་རྫོང་སྲིད་གཞུང་དང་ཕྱར་བ་གྲུ་འདེགས་ངང་རྫོང་ཁོངས་ཀྱི་འཕེལ་རྒྱས་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“1331”སྤྱིའི་བསམ་ཕྱོགས་བཟོས་ཡོད་པ་རེད། “1331”འཕེལ་རྒྱས་ཀྱི་བསམ་ཕྱོགས་ནི། “‘རིག་གནས་ཆེན་པོ་དང་། ཡུལ་སྐོར་ཆེན་པོ། འཕེལ་རྒྱས་ཆེན་པོ’བཅས་ཀྱི་གཙོ་རྐང་དེར་དམ་པོར་དམིགས་ཏེ་སྲིད་ཇུས་དང་། ཐོན་ཁུངས། བོད་སྐྱོར་བཅས་ཀྱི་ལེགས་ཆ་འདོན་སྤེལ་དང་། འབྱོར་འབྲིང་གྲོང་ཚོ་དང་། གྲོང་རྡལ། ཐོན་ལས་བཅས་འཛུགས་སྐྱོང་བྱེད་པ། རྫོང་དང་། ཤང་། གྲོང་ཚོ་བཅས་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པ”བཅས་དང་། “འཛུགས་སྐྲུན་ཆེ་གྲས་གསུམ”ལག་ལེན་བརྟན་པོ་བསྟར་བ་དང་ཆབས་ཅིག་ཆོན་ཀྲོའུ་གྲོང་ཁྱེར་གྱིས་བོད་སྐྱོར་བྱས་ནས་ལོ་15སོང་རིང་ཀོང་པོ་རྒྱ་མདའ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་ནན་ཏན་བྱས་ཏེ“རྒྱལ་གཅེས་ཁྱིམ་གཅེས་དང་། འབད་བརྩོན་ལྷོད་མེད། སྔོན་དུ་སྐྱོད་ཕོད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ”བཅས་ཀྱི“ཀོང་པོ་རྒྱ་མདའི་སྙིང་སྟོབས”གཅིག་ཏུ་འགྲིལ་བ། “ཁྲིམས་ལྟར་རྫོང་སྐྱོང་དང་། ལེགས་ཆར་བརྟེན་ནས་རྫོང་འཛུགས་སྐྱོང་། དམངས་འཚོའི་གཞི་རྩ་བརྟན་པོ”བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”གི“ཀོང་པོ་རྒྱ་མདའ་རྫོང་གི་དཔེ་དབྱིབས”ཤིག་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་ཐུབ་པ། བོད་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་7590བཏང་ནས་རིགས་ཆེ་གྲས་ལྔ་ཡི་རྣམ་གྲངས་27བདེ་བླག་ངང་ལག་ལེན་བསྟར་ཏེ“གཟིགས་སྐྱོང་གཉིས”84%ཟིན་ཡོད། “འཛུགས་སྐྲུན་ཆེ་གྲས་གསུམ”ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་མ་དངུལ་སྒོར་ཁྲི་2600བཏང་བའི་འབྱོར་འབྲིང་གྲོང་ཚོ་10བསྐྲུན་ནས་རྫོང་དེ་ཡོངས་སུ་འབྱོར་འབྲིང་གྲོང་ཚོ་བསྐྲུན་ཚད་72%ཟིན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འཕེལ་རིམ་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་། གྲོང་རྡལ་འཛུགས་སྐྲུན་དང་གྲོང་ཁྱེར་ཇུས་འགོད་ཀྱི་འཆར་འགོད་ཞིབ་ཕྲ་བཟོས་ནས་གཙོ་གནད་གྲོང་རྡལ་4འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་ནས་ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱི་གྲོང་རྡལ་འཛུགས་སྐྲུན་གྱི་བརྗིད་ཆེའི་འཆར་གཞི་གྲུབ་པ། ཡུལ་སྐོར་ཐོན་ལས་དང་ཞིང་འབྲོག་ཐོན་ལས་སྤུས་རྟགས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་མ་ཤུགས་ཆེན་བཏང་ནས་A5རིམ་པའི་མཛེས་ལྗོངས་ཁུལ་གསར་གཏོད་ལས་དོན་ལ་སྐུལ་མ་བདེ་བླག་བཏང་སྟེ་སྲོལ་རྒྱུན་གྱི་ཞིང་འབྲོག་ཐོན་སྐྱེད་ཀྱི་འདུ་ཤེས་བསྒྱུར་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཤུགས་ཆེ་རུ་སོང་ནས“འདུ་ཤེས་བརྗེ་བསྒྱུར་དང་། ལམ་སྲོལ་གསར་གཏོད། ལས་བྱེད་པ་འཚར་ལོངས། ཐོན་ལས་གྲུབ་པ”བཅས་ཀྱི་ཕན་འབྲས་ཆེན་པོ་བཞི་ཐོན་ཡོད་པ་རེད།

    ལོ་བརྒྱའི་ཇུས་ཆེན་འགོད་པར། རྩ་བ་སློབ་གསོར་ཐུག་ཡོད། ཉེ་བའི་ལོ་གསུམ་རིང་ཀོང་པོ་རྒྱ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་དང་བོད་སྐྱོར་ལས་དོན་རུ་ཁག་གིས་སློབ་གསོར་གཏོང་ཆ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཆ་རྐྱེན་ཧུར་ཐག་བསྐྲུན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོའི་ཐོན་ཁུངས་བཟང་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ཡོད། 2013ལོར་མ་དངུལ་སྒོར་ཁྲི་1244བཏང་ནས་སློབ་གསོའི་རྣམ་གྲངས་7ལག་ལེན་བསྟར་བ་དང་། 2014ལོར་མ་དངུལ་སྒོར་ཁྲི་2400བཏང་ནས་ཤང་གྲོང་སློབ་ཆུང་དགེ་རྒན་གྱི་ལས་ཤག་དང་ཤང་གྲོང་བུ་བཅོལ་ཁང་སོགས་འཛུགས་སྐྲུན་རྣམ་གྲངས་13ལག་ལེན་བསྟར་བ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་400དགེ་རྒན་གྱི་སློབ་ཁྲིད་ལ་བྱ་དགའ་སྤྲོད་པ་དང་དགེ་རྒན་གསོ་སྦྱོང་ལ་བཏང་ནས་རྒྱ་ཆེའི་དགེ་རྒན་དང་ལས་བཟོའི་ཧུར་སེམས་འཕེལ་བ་བྱས་ཡོད། དེ་དང་ཕྱོགས་མཚུངས་2015ལོར་མ་དངུལ་སྒོར་ཁྲི་4976.2བཏང་ནས་སྒོ་ལིང་ཁ་སྡེ་ཁུལ་གྱི་བུ་བཅོལ་ཁང་དང་རྫོང་སློབ་འབྲིང་གི་ལུས་རྩལ་ཐང་སྒྱུར་བཀོད་སོགས་སློབ་གསོའི་ཐད་ཀྱི་རྒྱལ་ཁབ་ཀྱི་གཏོང་ཆའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་17ལག་ལེན་བསྟར་བས་ཀོང་པོ་རྒྱ་མདའ་རྫོང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གོམ་སྟབས་ལ་སྐུལ་མ་བརྟན་པོ་ཐེབས་ནས་རྫོང་དང་ཤང་དབར་གྱི་སློབ་གསོ་འཕེལ་རྒྱས་ཀྱི་དོ་མཉམ་ཆུ་ཚད་ཆེས་ཆེར་མཐོ་རུ་སོང་བ་དང་། རྫོང་དེ་ཡོངས་ཀྱི་འོས་འགན་སློབ་གསོ་རིམ་བཞིན་དོ་མཉམ་དང་། གཞུང་དྲང་། སྤུས་ལེགས་བཅས་བྱུང་བས་སློབ་གསོ་འདི་ཉིད་དམངས་འཚོའི་འདུ་འགོད་དང་། ཕན་སྦྱར་ལས་གཞི། ཕུགས་རེའི་འདུ་འགོད་བཅས་ཆེ་ཤོས་སུ་དངོས་འབྲེལ་གྱུར་ཡོད།

    “བོད་སྐྱོར་ལོ་ཟླ་རིང་། ས་མཐོའི་བརྩེ་བ་ཟབ” ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཕུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཀྲང་ཁྲའོ་དབྱང་གིས་ཆོན་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པས“ལུས་པོ་ནང་སར་ལོག་ཀྱང་སེམས་པ་དེ་རུ་ཆགས་པར་བྱས”ཏེ་ཀོང་པོ་རྒྱ་མདའ་རྫོང་གི་དཔལ་འབྱོར་དང་། སྤྱི་ཚོགས། སློབ་གསོ་བཅས་ཀྱི་བྱ་གཞག་གོང་འཕེལ་ཡོང་བར་མུ་མཐུད་དོ་ཁུར་བྱེད་པ་དང་ཆབས་ཅིག་ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ལ་ཀོང་པོ་རྒྱ་མདའ་རྫོང་གིས་ཀྱང་ཆོན་ཀྲོའུ་གྲོང་ཁྱེར་དང་ལག་རྩལ་དང་། ཤེས་ལྡན་པ། མ་འཇོག་སོགས་ཐད་ཀྱི་མཉམ་ལས་སྔར་བས་རྒྱ་ཆེར་བཏང་སྟེ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེར་གཏོང་དང་། མཉམ་ལས་ཀྱི་རིམ་པ་མཐོར་གཏོང་། ཕྱོགས་གཉིས་པོའི་ལེགས་ཆ་གསབ་རེས་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཡོང་བར་སྐུལ་མ་བཏང་སྟེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།