དབུ་ཤོག
  • ཨ་རག་དཀར་པོའི་ཁྱད་ནུས།  

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-08

    1.ཅང་ཡིའུ་ནང་ཨ་རག་དཀར་པོ་ཏོག་ཙམ་བླུགས་ན་ཧམ་སྤུ་རྒྱག་པ་འགོག་ཐུབ། 

    2.རྫ་ཁོག་གི་མཐིལ་དུ་ཨ་རག་དཀར་པོ་པིའི་ཙི་གང་བཞག་ནས་དེའི་གཡས་གཡོན་དུ་ཤ་བརྒྱངས་རྒྱུ་མ(香肠)གོ་རིམ་ལྟར་བརྩེགས་ནས་དེའི་སྟེང་ཨ་རག་དཀར་པོ་ཕྲན་ཙམ་གཏོར་ཏེ་རྫ་ཁོག་གི་ཁ་དམ་པོར་བཀག་ནས་བཞག་ན་དུས་ཚོད་རིང་པོ་སོང་ནའང་ངོ་བོ་འགྱུར་གྱི་མེད་པ་རེད། 

    3.གྱོན་གོས་ཐོག་འགྱིག་བྱི་རིལ་བགོས་ན་ཨ་རག་གི་ཉིང་ཁུ་ཏོག་ཙམ་བྱུགས་ནས་འཕུར་མཉེད་བཏང་ན་གཙང་དག་ཡོང་ཐུབ། 

    4.གཟུགས་པོ་འཁྲུད་སྐབས་ཆུའི་ནང་ཨ་རག་དཀར་པོ་ཏོག་ཙམ་བླུགས་ནས་བཀྲུས་ན་གཟུགས་པོའི་ཐོག་གི་པགས་པར་འོད་མདངས་ཐོན་ལ་ལྡེམ་ཤུགས་ཀྱང་ལྡན་ཐུབ།  ཐབས་ཤེས་དེས་པགས་ནད་དང་གྲུམ་བུའི་ནད་ལའང་ནུས་པ་ངེས་ཅན་ཞིག་ཐོན་སྲིད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།