དབུ་ཤོག>གསར་འགྱུར།
  • དངུལ་རྩའི་དམིགས་བསལ་སྲིད་ཇུས་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-08

    ཉིན་ཤས་གོང་གསར་འགོད་པས་དངུལ་རྩར་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ལྟར་ན། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་། བོད་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས། བོད་ལྗོངས་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས། བོད་ལྗོངས་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས། ཕྱིར་ཚོང་མ་འཇོག་དོ་དམ་བོད་ལྗོངས་བཅས་ཀྱིས་མཉམ་འབྲེལ་ཐོག《〈དངུལ་རྩར་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》འགྲེམས་སྤེལ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལས་དོན་ཁག་ལ་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་དམ་འཛིན་གང་ལེགས་བྱས་ཏེ་སྐྱེད་འབབ་སྲིད་ཇུས་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། བོད་དུ་ཡོད་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྤྱོད་པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་དེ་རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་དངུལ་བུན་གྱི་གཞི་འཛིན་སྐྱེད་འབབ་ཆུ་ཚད་དང་བསྡུར་ན་2%ལས་དམའ་བའི་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་འབབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། བོད་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་འབབ་ལམ་སྲོལ་ལག་བསྟར་དེ་རྒྱལ་ཡོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་འབབ་དང་བསྡུར་ན་2%ལས་དམའ་བའི་གཟིགས་སྐྱོང་དངུལ་བུན་གྱི་སྐྱེད་འབབ་ཡིན་པ་རེད། ཧེ་བག་ཅན་གྱི་ལྟ་སྡོམ་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་བོད་ལ་རྣམ་གྲངས་ཀྱི་དུས་འགོའི་དངུལ་བུན་གཏོང་ཆོག་པ་དང་། བོད་ལ་གནས་སྐབས་འཁོར་རྒྱུག་རང་བཞིན་གྱི་དངུལ་བུན་གཏོང་ཆོག་པ།  རྣམ་གྲངས་དངུལ་བུན་གྱི་མ་དངུལ་ལོའི་ནང་དུས་མཚུངས་ཀྱི་བསྡུར་ཚད་ལ་སླེབས་ཆོག་པ། ཁེ་ལས་ཀྱིས་མུ་མཐུད་དངུལ་བུན་གཡར་ཆོག་པ་སོགས་རེད། བོད་ལྗོངས་དངུལ་ཁང་གིས་ལྗོངས་ཕྱི་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་རིམ་གྱིས་ཡན་ལག་སྒྲིག་གཞི་འཛུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། ཆ་རྐྱེན་ལྡན་པའི་ཕྱི་རྒྱལ་མ་འཇོག་དངུལ་ཁང་གིས་བོད་དུ་ཡན་ལག་སྒྲིག་གཞི་འཛུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། མ་རྩའི་ཁྲོམ་རའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ལ་མ་རྩའི་ཁྲོམ་རའི་མ་རྩ་མཉམ་འདུའི“གོང་ཞུ་བྱས་མ་ཐག་ཞིབ་བཤེར་དང་། ཞིབ་བཤེར་བྱས་མ་ཐག་སྤྲོད་པའི”བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། གྲུབ་གསར་གསུམ་དུ་སྒོ་བྱང་བཀལ་ནས“གོང་ཞུ་བྱས་མ་ཐག་ཞིབ་བཤེར་དང་། ཞིབ་བཤེར་བྱས་མ་ཐག་སྒོ་བྱང་བཀལ་བ”མ་ཟད། གྲུབ་གསར་གསུམ་པའི་ཁེ་ལས་ཀྱི་སྒོ་བྱང་འགེལ་བའི་ཐོག་མའི་འགྲོ་གྲོན་དང་ལོའི་འགྲོ་གྲོན་ལ་ཕྱོགས་ཡོངས་ནས་སྟབས་བདེ་བསྐྲུན་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་རེད།

    དེ་དང་ཆབས་ཅིག་བོད་ལྗོངས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས་རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ཐོན་ལས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཞིང་གསུམ”དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་སོགས་ལྷུ་ཚིགས་ཉམས་ཞན་གྱི་དངུལ་རྩའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། དངུལ་ཁང་གཱ་བདག་སྤྲོད་ཁྲོམ་རའི་འཛུགས་སྐྱོང་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ། ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་པར་སྲིད་ཇུས་ཁ་གསབ་ཀྱི་དངུལ་ཁང་གཱ་ཡི་ཐད་གསབ་ལས་དོན་སྤེལ་རྒྱུར་སྐུལ་མ་བཏང་ནས་ཆ་རྐྱེན་ལྡན་པའི་སྲིད་འཛིན་གྲོང་ཚོར་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་སུ་ཁྱབ་ཐུབ་པ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།