དུས་རྒྱུན་འཚོ་བའི་ནང་མི་འགའ་ཞིག་ལ་སྣ་ཁུང་བསྔོག་པའི་གོམས་གཤིས་ལྡན་པས་འདི་ལྟར་སྣ་ཁུང་བསྔོག་དྲགས་ན་གནོད་པ་ཡོད། གང་ལགས་ཤེ་ན། སྣ་ཁུང་ནང་གི་སྲབ་ཅིང་མཉེན་པའི་རྩི་ལྤགས་སྟེང་དུ་ཧ་ཅང་ཕྲ་བའི་ཁྲག་རྩ་དུ་མ་གནས་ཡོད་པས་གལ་སྲིད་མཛུབ་མོས་སྣ་ཁུང་ནང་གི་རྩི་ལྤགས་ལ་ཐུག་ནས་ཁྲག་རྩ་ཆུང་ཆུང་དེ་རྣམས་བརྡོལ་ན། སྣ་ཁྲག་འདོན་པའི་ཉེན་ཁ་འཕྲད་ཀྱི་ཡོད་པས་ཡིད་གཟབ་བྱེད་དགོས།