དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་གློག་དྲ་ཀུང་སིས་སྤྱི་ལོ་2016ལོ་ནས་2017ལོའི་བར་གྱི་བོད་སྐྱོར་རོགས་སྐྱོར་མི་སྣའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-06-07

    ཉེ་དུས།  རྒྱལ་ཁབ་གློག་དྲ་ཀུང་སིའི་སྤྱི་ལོ་2016ལོ་ནས་2017ལོའི་བར་གྱི་བོད་སྐྱོར་རོགས་སྐྱོར་མི་སྣའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།  རྒྱལ་ཁབ་གློག་དྲ་ཀུང་སི་ཁོངས་གཏོགས་ཀྱི་ཚན་པ་21གི་བོད་སྐྱོར་རོགས་སྐྱོར་མི་སྣ་207ཁག་སོ་སོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཐོན་སྐྱེད་དང་།  འཛུགས་སྐྲུན་དོ་དམ་ཁག་གི་འཐབ་ཕྱོགས་དང་པོར་བསྐྱོད་དེ་དུས་ཡུན་ལོ་གཅིག་གི་ཆེད་དོན་རོགས་སྐྱོར་ལས་དོན་སྤེལ་རྒྱུ་རེད།

    ཐེངས་འདིའི་རོགས་སྐྱོར་མི་སྣ་བོད་དུ་སླེབས་པ་དང་སྦྲགས།  ད་ལྟ་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཀུང་སི་ཁོངས་གཏོགས་ཀྱི་བོད་དུ་ཡོད་པའི་རོགས་སྐྱོར་མི་སྣ་330ཟིན་པ་དང་།  རོགས་སྐྱོར་མི་སྣའི་སྤྱི་འབོར་དང་གཞི་ཁྱོན་ཚང་མ་རྒྱལ་ཁབ་གློག་དྲ་ཀུང་སི་བཙུགས་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་པ་དེས།  ལོ་དྲུག་ཅུའི་རིང་རྒྱལ་ཁབ་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་རོགས་སྐྱོར་མི་སྣའི་སྤྱི་འབོར་གྱི་བརྒྱ་ཆ་13.1བཟུང་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན།  ད་རེས་ཀྱི་ཤེས་ལྡན་མི་སྣའི་རོགས་སྐྱོར་ལས་དོན་ནང་རྒྱལ་ཁབ་གློག་དྲ་ཀུང་སིས་ད་དུང་།  བོད་ཀྱིས་ཚབ་བྱེད་དོ་དམ་བྱེད་པའི་རྫོང་གི་གློག་འདོན་ཁེ་ལས་ལ་ཐེངས་དང་པོར་ཆེད་དོན་རོགས་སྐྱོར་ལས་དོན་སྤེལ་འགོ་བཙུགས་པ་མ་ཟད།  རོགས་སྐྱོར་མི་སྣ་196རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་གཤམ་འོག་གི་ཚབ་བྱེད་དོ་དམ་བྱེད་པའི་རྫོང་གི་གློག་འདོན་ཀུང་སི་50ལ་མངགས་གཏོང་བྱས་ཏེ་ལས་དོན་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།