དབུ་ཤོག>གསར་འགྱུར།
  • རིག་གནས་བོད་སྐྱོར་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐང་དབྱང་དང་པེ་མིང་ཧྲན་གྱིས།   |     སྤེལ་དུས།  2016-06-07

    ས་རུབ་པ་དང་བསྟུན་ནས་ཐིར་སྒྲའི་ཁྲོད་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པ་འཁྲབ་འགོ་ཚུགས་པ་རེད། 2013ལོ་ནས་བཟུང་ཡོངས་བསྒྲགས་འཁྲབ་སྟོན་བྱས་ཚུན་ལོ་ངོ་1300གོང་གི་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་དབར་གྱི་མཐུན་སྦྱོར་གཉེན་སྒྲིག་གི་གཏམ་རྒྱུད་གླེང་ཡོད་པ་དང་། ད་ཆ་འཁྲབ་སྟོན་དེ་ལྷ་སའི་ཡུལ་སྐོར་གྱི“མིང་བྱང”གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

    “《འུན་ཤིང་ཀོང་ཇོ》ལོ་ལྟར་འཁྲབ་སྟོན་ཐེངས་180ལྷག་ཙམ་བྱེད་པ་དང་འདི་ལོ་ནི་འཁྲབ་སྟོན་ལོ་བཞི་པ་དེ་རེད། ཡོངས་བསྒྲགས་འཁྲབ་སྟོན་བྱས་ཚུན་ལྟད་མོ་བ་མི་ཐེངས་ཁྲི་75ལྷག་ཙམ་ལ་སྣེ་ལེན་ཞུས་ནས་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་2.94ཟིན་ཏེ་ཡུལ་སྐོར་བ་མང་པོ་ཞིག་ལྷ་སར་ཡུལ་སྐོར་དུ་ཡོང་སྐབས་དགའ་ཤོས་བྱེད་པའི་ཡུལ་སྐོར་རྣམ་གྲངས་ཤིག་ཏུ་གྱུར་ཡོད”ཅེས་འཁྲབ་སྟོན་གྱི་འགན་འཁུར་བ་ལེའོ་ཆང་གིས་གསར་འགོད་པར་བཤད་བྱུང་།

    དེ་ནི་པེ་ཅིང་གྲོང་ཁྱེར་གྱིས་ལག་ལེན་བསྟར་བའི་རིག་གནས་བོད་སྐྱོར་གྱི་དཔེ་མཚོན་རྣམ་གྲངས་ཤིག་ཡིན་ཞིང་། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་བ་ནས་མི་རིགས་རིག་གནས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཐུབ་པའི་བར་རིག་གནས་བོད་སྐྱོར་དེ་ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏིང་ཡུང་གིས་རིག་གནས་བོད་སྐྱོར་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པས་བོད་སྐྱོར་ལས་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག

    ཉེ་ལམ་ལོ་ཤས་རིང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཞིང་ཆེན་དེ་གའི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་རིག་གནས་ཁྱད་ཆོས་ལ་གཞིགས་ནས་རིག་གནས་བོད་སྐྱོར་གྱི“ཤུགས་རྒྱག་ས”འཚོལ་ཞིབ་བྱས་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་ནང་ཅི་ལིན་ཞིང་ཆེན་གྱིས་ས་གནས་དེ་གས་རྒྱལ་ཡོངས་ཀྱི་རིག་གནས་བོད་སྐྱོར་གྱི་བརྗོད་བྱ་གཙོ་བོའི་དྲ་ཚུགས་དང་པོ་ཡིན་པའི་བོད་ལྗོངས་ལས་འབྲེལ་དྲ་ཚུགས་གཉེར་རོགས་བྱས་པ་དང་། 《ཡིད་དབང་འཕྲོག་པའི་གཙང་ཁུལ》ཞེས་པའི་དཔེ་ཚོགས་རྩོམ་སྒྲིག་དཔེ་སྐྲུན་དང་རིག་གནས་བོད་སྐྱོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ་སོགས་བྱས་ཡོད་པ་རེད།

    “བོད་ལ་སྣ་མང་ཕུན་སུམ་ཚོགས་ལ་ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རིག་གནས་ཡོད་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྔོན་ཐོན་ཉམས་མྱོང་ལྡན་ཡོད་སྟབས་རིག་གནས་བོད་སྐྱོར་བྱས་པ་བརྒྱུད་བོད་ཀྱི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་ཐུབ་ཡོད”ཅེས་ཏིང་ཡུང་གིས་བརྗོད་པ་དང་། ཁོང་གིས“མིག་སྔར་བོད་དུ་རིག་གནས་གླིང་མི་ཉུང་བ་ཞིག་བསྐྲུན་ཡོད་པ་དང་། དེའི་ནང་གི་ཁག་གཅིག་ནི་བོད་སྐྱོར་ལས་བྱེད་པའི་ཇུས་འགོད་བཀོད་འདོམས་འོག་བསྐྲུན་པ་ཞིག་རེད། བོད་སྐྱོར་ལས་བྱེད་པ་ཚོས་ད་དུང་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའམ་ཡང་ན་ཆེད་ལས་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ནས་བོད་སྐྱོར་བྱེད་མཁན་ཞིང་ཆེན་ཁག་ཏུ་ཡོངས་བསྒྲགས་འཁྲབ་སྟོན་དང་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ནང་སའི་མི་དམངས་ཚོས་བོད་ཀྱི་རིག་གནས་རྒྱུས་ལོན་ཤུགས་ཆེ་རུ་བཏང་ཡོད”ཅེས་བཤད་བྱུང་།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོའི་མཐའ་མཚམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སུན་ཧུང་ཉན་གྱིས་རིག་གནས་བོད་སྐྱོར་ཐད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“འཇམ་ཤུགས”ཆེ་རུ་གཏོང་རྒྱུ་དེ་དམིགས་ཚད་དུ་བཟུང་ནས་བོད་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་རིམ་པ་སྣ་ཚོགས་དང་རིགས་སྣ་ཚོགས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།