དབྱར་ཁ་མིའི་ལུས་པོ་ནས་རྔུལ་ཆུ་ཐོན་སླ་བ་དང་རྔུལ་ཆུས་ཨ་ཅོར་ཞག་སྙིགས་ལྡན་པར་གྱུར་སླ། དེ་ནི་ལུས་ཐོག་རྨེན་བུས་དོར་བའི་རྔུལ་ཆུ་དང་ལུས་ཚིལ་འདྲེས་རྗེས་བྱུང་བ་ཞིག་ཡིན་པ་དང་མི་རྣམས་ལ་ཞག་སྙིགས་འབྱར་ཡོང་བ་མ་ཟད་སྐམ་པོ་ཆགས་སྐབས་ཤིན་ཏུ་མཁྲེགས་པོ་ཡོད་པའི་ཚོར་སྣང་ཡོང་གི་ཡོད། དེས་ན་ཨ་ཅོར་རློན་པའི་ཐོག་ཚྭ་འོས་འཚམ་བྱུགས་ནས་འཕུར་འཕུར་གཏོང་བ་དང་སླར་ཡང་ཡི་ཙེ་བརྒྱབ་ནས་གཙང་མ་བཀྲུས་ཚེ་ཨ་ཅོར་ལ་ཞག་སྙིགས་མི་ཆགས་པ་དང་མཁྲེགས་པོ་མི་ཆགས་པ་མ་ཟད་དྲི་ངན་ཡང་སེལ་ཐུབ།