དབུ་ཤོག>གསར་འགྱུར།
  • ལྷ་སས་ཁྱད་ལྡན་ཞིང་ལས་ཐོན་ཟོག་རྟེན་གཞི་ཁག་གསུམ་དུས་གཅིག་ཏུ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-05

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོར་ལྷ་ས་གྲོང་ཁྱེར་གྱིས་སྟག་རྩེ་རྫོང་དང་། ཆུ་ཤུར་རྫོང་། ལྷུན་གྲུབ་རྫོང་། སྙེ་མོ་རྫོང་བཅས་སུ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་རྟེན་གཞི་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ནང་སྟག་རྩེ་རྫོང་དང་ཆུ་ཤུར་རྫོང་གི་སྤུས་ལེགས་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་དང་། ལྷུན་གྲུབ་རྫོང་གི་འཕན་པོའི་ཕྱེད་བལ་འཇམ་ལུག་རྒྱུད་བཟང་གསོ་སྤེལ་ཁུལ་འཛུགས་སྐྲུན། སྙེ་མོ་རྫོང་གི་བོད་བྱ་གསོ་སྤེལ་ཁུལ་འཛུགས་སྐྲུན་སོགས་ཚུད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་རིགས་ཁག་གི་ཞིང་འབྲོག་ལས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་7.6དོན་འཁྱོལ་བྱས་པས་སྔོ་ཚལ་དང་། བཞོན་མ། ཕག་པ། བོད་བྱ་སོགས་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་རྫོང་། ཆུ་ཤུར་རྫོང་། ལྷུན་གྲུབ་རྫོང་བཅས་གཙོ་བོར་བྱེད་པའི་ས་མཐོའི་སྒྲིག་བཀོད་ལྡུམ་རའི་ལག་རྩལ་ཐོན་ལས་ཞིག་ཆགས་ཡོད་པ་དེའི་ཞིང་ལས་སྒྲིག་བཀོད་ཀྱི་རྒྱ་ཁྱོན་མུའུ་ཁྲི་1.77ཟིན་པ་དང་། ཁྲེང་ཀོན་ཆུས་དང་ཆུ་ཤུར་རྫོང་གཙོ་བོར་བྱས་པའི་ས་གཙང་བདེ་ཐང་བཞོན་མའི་ཐོན་ལས་ཞིག་ཆགས་ནས་རབས་གཅིག་ཡན་གྱི་ཧོ་སི་ཐན་གྱི་བཞོན་མ་རྒྱུད་པ་ལེགས་བཅོས་བྱས་པར་ཕྱུགས་རིགས་མགོ་གྲངས་ཁྲི་8ཟིན་པ། ཆུ་ཤུར་རྫོང་དང་སྟོད་ལུང་བདེ་ཆེན་ཆུས་གཙོ་བོར་བྱས་པའི་ས་གཙང་བདེ་ཐང་ཕག་པའི་ཐོན་ལས་ཤིག་ཆགས་ནས་ཐོན་སྐྱེད་རྟེན་གཞི་25ཟིན་པ་དང་བཤས་བཏང་བའི་ཕག་པའི་མགོ་གྲངས་ཁྲི་7.08ཟིན་པ། སྟོད་ལུང་བདེ་ཆེན་ཆུས་དང་སྙེ་མོ་རྫོང་རྟེན་གཞིར་བྱས་པའི་ས་གཙང་བདེ་ཐང་བོད་བྱའི་ཐོན་ལས་ཤིག་ཆགས་ནས་བོད་བྱ་ཁྲི་56ཟིན་པ། འདམ་གཞུང་དང་། ལྷུན་གྲུབ། མལ་གྲོ་གུང་དཀར་རྫོང་བཅས་གཙོ་བོར་བྱས་པའི་འབྲི་གཡག་འདེམས་གསོ་ཁུལ་ཞིག་ཆགས་ནས་ལོར་འབྲི་གཡག་མགོ་གྲངས་300ལྷག་ཙམ་མཁོ་འདོན་བྱས་པ་བཅས་རེད། ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་བྱས་པ་ལས་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་12ལྷག་ཙམ་བྱུང་བ་དང་རྣམ་གྲངས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་950ལྷག་ཙམ་འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།