དབུ་ཤོག>གསར་འགྱུར།
  • བོད་ཡོངས་ཀྱི་བུད་མེད་ཀྱི་གློག་རྡུལ་ཚོང་དོན་གསོ་སྦྱོང་འཛིན་གྲྭ་ཐོག་མར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-26

     ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་བུད་མེད་ཀྱི་གློག་རྡུལ་ཚོང་དོན་རྩལ་ནུས་དང་གློག་རྡུལ་ཚོང་དོན་ལས་གཏོད་གསོ་སྦྱོང་འཛིན་གྲྭ་ཐོག་མ་གཉེར་བའི་མཛད་སྒོ་ལྷ་སར་གཉེར་བ་དང་ས་ཁུལ(གྲོང་ཁྱེར)བདུན་ནས་ཡོང་བའི་བུད་མེད་བར་གཉེར་བ་དང་། བུད་མེད་ཕྱུག་འགྱུར་འཇོན་ཐང་ཅན། བུད་མེད་ཁེ་ལས་པ། མཉམ་ལས་ཁང་གི་བུད་མེད་འགན་འཁུར་བ་བཅས་ད་རེས་ཀྱི་ཉིན་5ཡི་གསོ་སྦྱོང་ནང་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་གི་སློབ་ཚན་ནང་། མི་རིགས་ལག་ཤེས་ཁྲོམ་རའི་བྲིན་ཚོང་དང་། གློག་རྡུལ་ཚོང་དོན་སྐོར་གྱི་སྤྱི་བཤད། དྲ་སྦྲེལ་གྱི་རྨང་གཞིའི་ཤེས་བྱ། གློག་རྡུལ་ཚོང་དོན་གྱི་བྱེད་སྟངས་གཙོ་བོ་སོགས་ཀྱི་ནང་དོན་ཚུད་ཡོད་པས། རྒྱ་ཆེའི་བུད་མེད་རྣམས་ལ་དྲ་རྒྱའི་བྲིན་ཚོང་ཐབས་བཀོད་དང་བྱེད་སྟངས་ཆ་ལག་ཚང་བའི་ངང་བསླབ་རྒྱུ་ཡིན་པ་རེད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་གློག་རྡུལ་ཚོང་དོན་བཀོལ་སྤྱོད་རྩལ་ནུས་དང་གློག་རྡུལ་ཚོང་དོན་གྱི་ལས་གཏོད་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། བོད་ཀྱི་བུད་མེད་ཀྱིས་གློག་རྡུལ་ཚོང་དོན་གྱི་སྤུས་རྟགས་ཡག་པོ་ཞིག་བཏོད་ནས་བུད་མེད་རྣམས་ཀྱི་ལག་ཤེས་བཟོ་ལས་དང་། མི་རིགས་ཀྱི་གྱོན་ཆས། ས་གནས་དེ་གའི་ཡུལ་ཟོག བཟའ་བཅའ་སོགས་དེ་བས་ཆེ་བའི་ཁྲོམ་རའི་ཐོག་བཏོན་ནས། བུད་མེད་ལས་གཏོད་པ་དང་བུད་མེད་གློག་རྡུལ་ཚོང་པ་སྔར་བས་མང་བས་དྲ་ཐོག་ནས་བྲིན་ཚོང་བྱ་རྒྱུར་རོགས་རམ་བྱས་ཏེ། ཁྱོན་ཡོངས་ནས་བུད་མེད་ཀྱི་བྱང་ཚད་མཐོ་རུ་དང་དྲ་སྦྲེལ་སྤྱོད་ནུས་དང་དེ་བཞིན་བུད་མེད་ཀྱི་ལས་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཁར། གློག་རྡུལ་ཚོང་དོན་ཐབས་ལམ་བརྒྱུད་བུད་མེད་ཀྱི་རང་བརྟེན་གསར་གཏོད་བྱེད་སེམས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།